ཡུན་ནན་དུ་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་གྲོང་ཚོ60འཛུགས་སྐྲུན་བྱས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2012-01-31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་ཡུན་ནན་ཞིང་ཆེན་མི་རིགས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་བསྟུད་མར་འཆར་འགོད་བྱས་པ་དང་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་གྲོང་ཚོ(ཆུས)60འཛུགས་སྐྲུན་བྱས་པ་མ་ཟད་ཞིང་ཆེན་དེ་ཡོངས་ཀྱི་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལའང་སྣེ་ཁྲིད་བྱས་པ་རེད།

ཡུན་ནན་ཞིང་ཆེན་མི་རིགས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་གོ་ལིན་གྱིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཚོལ་ཞིབ་བྱ་རྒྱུ་ནི་ད་ཡོད་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱིས་རྒྱལ་མོ་རྔུལ་ཆུ་དང་།ཏ་ལི།ས་དམ།བདེ་ཆེན་བཅས་ཀྲོའུ་དང་གྲོང་ཁྱེར4རུ་གཞི་ཁྱོན་ཆེ་བའི་བརྟག་ཞིབ་བྱས་རྗེས་སྡེ་ཁུལ་ཚན་པར་བྱས་ནས་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་གྲོང་ཚོ(ཆུས)འཛུགས་རྒྱུའི་བསམ་ཚོད་བཏོན་པ་དང་འབྲེལ་ཡུན་ནན་ནུབ་བྱང་ས་ཁུལ་འཆར་འགོད་བྱེད་པ་དང་སྲུང་སྐྱོབ་གྲོང་ཚོ(ཆུས)60འཛུགས་སྐྲུན་བྱས་ཏེ་ཀྲོའུ་དང་གྲོང་ཁྱེར་དང་རྫོང་ཁག་གིས་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཁུལ་འཆར་འགོད་བྱ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལི་གོ་ལིན་གྱིས་མིག་སྔར་ཡུན་ནན་ཞིང་ཆེན་གྱིས་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཁུལ་བསྟུད་མར་བཙུགས་པ་དང་མི་རིགས་ས་ཁུལ་ཁ་ཤས་ཀྱིས་མི་རིགས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཁུལ་དང་རྫོང་གི་དམིགས་ཚད་ཕྱོགས་སུ་སྐྱོད་འགོ་ཚུགས་ཏེ་མི་རིགས་རིག་གནས་སྣ་མང་རང་བཞིན་རྒྱུན་མཐུད་སྲུང་སྐྱོབ་དང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་ཏན་ཏིག་བྱས་པ་རེད། ཕུའུ་ཨར་གྲོང་ཁྱེར་གྱི་ཤིས་མོང་དབའ་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཁུལ་ནང་ད་ལྟའང་གདོད་མའི་སྣང་ཚུལ་དང་དཔོགས་དཀའ་བའི་རྟུལ་ཕོད་འབྲུག་དོང་དང་། ཡུང་ཁེ་ལུའོ་སྤྱི་གླིང་། སི་ཀང་ལི་རུ་ཚོ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྗེས་ཤུལ་སྲུང་ཉར་བྱས་ཡོད་པ་དེ་དབའ་རིགས་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞིག་ཏུ་གྱུར་ཡོད།  །

  • ལེ་ཚན་སྔོན་མ།:གཞིས་རྩེའི་ཞིང་པ་ཚོས་ལྷ་གསོལ་བཏང་ནས་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ།
  • ལེ་ཚན་རྗེས་མ།:ལིའུ་ཆི་པའོ་ཡིས་བོད་ཁུལ་འཕེལ་རྒྱས་དང་བརྟན་བརླིང་གི་གནས་ཚུལ་ཧྲིལ་པོ་སྲུང་སྐྱོང་དང་མི་རིགས་ཁག་གི་མི་དམ
  • དོ་སྣང་ཆེ་བའི་རྩོམ།