བོད་ལྗོངས་རླུང་འཕྲིན་དྲ་བ། 2012-01-31
གཞིས་རྩེ་ས་ཁུལ་ཕྱུག་པོ་གཞུང་ཤང་ལྡིང་གྲོང་ཚོའི་ཞིང་པས་དར་ཤིང་འཛུགས་བཞིན་པ།
གཞིས་རྩེ་ས་ཁུལ་ཕྱུག་པོ་གཞུང་ཤང་ལྡིང་གྲོང་ཚོའི་ཞིང་པ་ཚོས་དར་ཤིང་འཁྱེར་ནས་ལྷ་གསོལ་གཏོང་བར་འགྲོ་བཞིན་པ།
གཞིས་རྩེ་ས་ཁུལ་ཕྱུག་པོ་གཞུང་ཤང་ལྡིང་གྲོང་ཚོའི་ཞིང་པ་ཚོས་ཆུ་འགྲམ་དུ་དར་ཚོན་སྣ་ལྔ་སྒྲོན་བཞིན་པ།
གཞིས་རྩེ་ས་ཁུལ་ཕྱུག་པོ་གཞུང་ཤང་ལྡིང་གྲོང་ཚོའི་ཞིང་པ་ཚོས་མཉམ་དུ་སྒོར་གཞས་རྒྱབ་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས26ཉིན་ནི་བོད་ཟླ12པའི་ཚེས3ཡིན་པ་དང་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་སོ་ནམ་ལོ་གསར་གྱི་ཚེས3ཡིན་པ་དང་། དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ཐོག་སྟེང་དང་རི་སྟེང་། ཆུ་འགྲམ། ཡུལ་ལྷ་གཞི་བདག་གནས་ས་སོགས་སུ་མཉམ་འཛོམས་བྱས་ཏེ། ལྷ་གསོལ་བཏང་ནས་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ལེགས་རྟག་ཏུ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10