བོད་ལྗོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས།    2012-01-15

བོད་ལྗོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ།

 

གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་མི་རིགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་འགན་འཁྲི་གཙོ་བོར་བཟུང་སྟེ་གཟུགས་ཅན་ཤུལ་བཞག་རིག་གནས་དང་། གཟུགས་འདས་ཤུལ་བཞག་རིག་གནས། དཔེ་རྙིང་སྲུང་སྐྱོབ་བྱ་བ་བཅས་ནུས་པ་ཆེན་པོས་སྐུལ་སྤེལ་བྱས་པར་བརྟེན་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་རེད།

ཉེ་བའི་ལོ་ནང་བོད་ལྗོངས་ཀྱིས་རིག་རྫས་སྲུང་སྐྱོབ་དང་ཚུལ་མཐུན་བཀོལ་སྤྱོད་ཐད་ལ་ཤུགས་བསྣན་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག ས་སྐྱ་དགོན་པ་བཅས་གསུམ་གྱི་རིག་རྫས་གཙོ་བོའི་ཞིག་གསོ་སྲུང་སྐྱོབ་བྱ་བ་ལེགས་འགྲུབ་བྱུང་ཞིང་། ཞོལ་གྲོང་དང་ཞོལ་གྲོང་གཏེར་རྫས་ཁང་སོགས་ཕྱི་ཕྱོགས་སུ་འགྲེམ་སྟོན་བྱས། ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བ་དང་ཁྱབ་རྒྱ་ཆེས་ཆེ་བའི་ཐེངས་གསུམ་པའི་རྒྱལ་ཡོངས་རིག་རྫས་རྩིས་བཤེར་བྱ་བ་སྤེལ་བར་བརྒྱུད། ལྗོངས་ཡོངས་སུ་རིགས་སོ་སོའི་རིག་རྫས་ས་གནས4283རྙེད་ལ། སྲུང་སྐྱོབ་མིང་ཐོ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་བས་ཕོ་བྲང་པོ་ཏ་ལ་སོགས་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་གནས3དང་། རྒྱལ་ཡོངས་ཀྱི་རིག་རྫས་གཙོ་བོ་སྲུང་སྐྱོབ་བྱེད་པའི་ལས་ཁུངས35། རང་སྐྱོང་ལྗོངས་རིམ་པའི་རིག་རྫས་སྲུང་སྐྱོབ་ལས་ཁུངས224། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན3བཅས་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱིས་རྒྱ་ཆེན་པོར་རྩིས་བཤེར་བྱས་པའི་རྨང་གཞིའི་སྟེང་། ཧུར་ཐག་གིས་རེ་ཞུ་དང་མཚན་གསོལ་བར་བརྟེན་ལྷ་མོའི་ཟློས་གར་དང་གེ་སར་སྒྲུང་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་རུ་བདམས་པ་དང་། ཐང་ག་དང་བོད་ཤོག་སོགས་ཀྱི་ལས་གཞི76དང་རྒྱུན་འཛིན་པ53རྒྱལ་ཁབ་རིམ་པའི་མིང་ཐོ་རུ་བདམས། ལས་གཞི222དང་རྒྱུན་འཛིན་པ227རང་སྐྱོང་ལྗོངས་རིམ་པའི་མིང་ཐོ་རུ་བདམས། དཔེ་རྙིང་རྩ་ཆེན34རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོ་རུ་བདམས་པ་རེད། མ་དངུལ་སྒོར་བྱེ་བ6ལྷག་བཏང་ནས་ལྷ་མོའི་ཟློས་གར་དང་། དམངས་ཁྲོད་ཀྱི་བྲོ་གཞས། སྲོལ་རྒྱུན་དུས་སྟོན་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་ནུས་ཤུགས་ཆེན་པོ་བཏང་གཤིས། སྲུང་སྐྱོབ་རྒྱུན་འཛིན་བྱེད་པའི་དཔུང་སྡེ་ཆེ་རུ་ཕྱིན་པ་དང་མཉམ་དུ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དག་ཉམས་པ་སོར་ཆུད་བྱས་པས་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གཟི་འོད་འཕྲོས། སྤྱི་ཚོགས་ཡོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་རང་རྟོགས་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སྤེལ་བྱས་ཤིང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་ཁེ་ལས་ཇེ་མང་དུ་སོང་བས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཤུལ་བཞག་རིག་གནས་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་གྱུར་པ་རེད།  །


  • ལེ་ཚན་སྔོན་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིན་ལན་འཇལ་བའི་རིག་རྩལ་འཁྲབ་སྟོན་དགོང་ཚོགས་པེ་ཅིན་ནས་མཇུག་སྒྲིལ་བ
  • ལེ་ཚན་རྗེས་མ།:གཞིས་རྩེའི་ཞིང་པ་ཚོས་ལྷ་གསོལ་བཏང་ནས་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ།
  • དོ་སྣང་ཆེ་བའི་རྩོམ།