ཀན་སུའུ་གསར་འགྱུར་དྲ་བ། 2012-01-15
ཟླ1པའི་ཚེས8ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིན་ལན་འཇལ་བའི་རིག་རྩལ་འཁྲབ་སྟོན་དགོང་ཚོགས་ཀྱི་མཇུག་མཐའི་འཁྲབ་སྟོན་པེ་ཅིན་པའོ་ལུའེ་ཟློས་གར་ཁང་དུ་སྤེལ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཐེངས་འདིའི་རིག་རྩལ་འཁྲབ་སྟོན་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྲུང་དབྱང་གི་རིམ་པ་སོ་སོའི་པུའུ་ཨུ། བཅིངས་འགྲོལ་དམག ཉེན་རྟོག་དམག་དཔུང་དང་གསར་འགྱུར་སྨྱད་བྱད་སྡེ་ཁག་སོགས་ཀྱིས་ཀན་ལྷོ་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་ཐད་གནང་བའི་ལྷག་སེམས་ཟོལ་མེད་ཀྱི་རོགས་སྐྱོར་ལ་བཀའ་དྲིན་ཞུས་པ་དང་། ཀན་ལྷོ་མི་དམངས་ཀྱི་བརྩེ་སེམས་ཕུལ་ཆེད་བཀོད་སྒྲིག་བྱས་པ་རེད། དགོང་ཚོགས་སྟེང་ད་རུང“5.12”ཝུན་ཁྲན་ས་འགུལ་ཆེན་པོ་དང“8.8”འབྲུག་ཆུའི་འདམ་ཟེག་འདྲེས་མའི་གནོད་ཐེབས་ས་ཁུལ་གྱི་གནོད་ཕྱིའི་བསྐྱར་སྐྲུན་ཐད་ཀྱི་གྲུབ་འབྲས་ཆེན་པོ་འགྲེམ་སྟོན་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10