རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

        2012-01-06

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།
2012ལོའི་ཟླ1པོའི་ཚེས1ཉིན་པེ་ཅིན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཧུའུ་ཅིན་ཐའོ་ཡིས་ཇ་སྟོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བའི་གནས་ཚུལ་རེད།རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།




2012ལོའི་ཟླ1པོའི་ཚེས1ཉིན་པེ་ཅིན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། འདི་ནི་ཧུའུ་ཅིན་ཐའོ་དང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིན། ལི་ཁེ་ཆང་།ནཧོ་གོ་ཆང་།ནཀྲོའུ་ཡུང་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཇ་སྟོན་ཚོགས་འདུར་ཞུགས་པ་དང་སྦྲགས་འཁྲབ་སྟོན་ལ་གཟིགས་པའི་གནས་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ་དང་ཧུའུ་ཅིན་ཐའོ་དང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིན། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་པ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ། རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་དང་ལྷན་འཛོམས་གནང་ནས2012ལོའི་གནམ་ལོ་གསར་ཚེས་ལ་ལྷན་དུ་རྟེན་འབྲེལ་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཧུའུ་ཅིན་ཐའོ་ཡིས་གལ་ཆེའི་གསུང་བཤད་གནང་ཞིང་། ཁོང་གིས་ང་ཚོས་ཡིད་ཆེས་བརྟན་གཏོང་དང་། དཀའ་སེལ་འགག་སྒྲོལ།གསར་འབྱེད་མདུན་སྐྱོད།བློ་རྩ་བརྟན་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལགཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ནས་གཏན་འཁེལ་བྱས་བའི་དམིགས་ཚད་ཕྱོགས་སུ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་དཀའ་གནད་ལས་སྒྲོལ་རྒྱུའི་འབད་བརྩོན་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཉམས་ཉེན་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུའི་བརྩོན་ལེན་བྱེད་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ནས་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། དམངས་འཚོ་ལེགས་གཏོང་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་གི་ཐོག་སོ་གསུམ་པའི་ཚོམས་ཆེན་ནང་མེ་ཏོག་སོས་པས་ཁེངས་ནས་དཔྱིད་དཔལ་རབ་ཏུ་བཞད། དམར་མདངས་རྒྱས་པའི་ལྒང་བཞུ་དང་བཀྲ་ཤིས་མཚོན་རྟགས་བཀལ་བ་དང་དཔྱིད་གསར་ལ་བསུ་བ་ཞུ་ཞེས་པའི་སྦྱར་ཡིག་བཅས་ལས་དུས་ཆེན་གྱི་རྣམ་པ་འཁྲུག་པོ་གང་ལེགས་མངོན་གྱི་ཡོད་པ་རེད།ཧུའུ་ཅིན་ཐའོ་ཡིས་འདས་ཟིན་པའི2011ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་འཕྲད་སྐབས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཕར་བ་གྲུ་འདེགས་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་གཏོད་པ། ཏང་འཛུགས་སྐྱོང་བཅས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་ལེན་བསྟར་རིང་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བ་དང་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་དང་དེས་ང་ཚོས་འདི་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་མུ་མཐུད་ལག་ལེན་བསྟར་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་ཅེས་གསུངས་པ་རེད།ཧུའུ་ཅིན་ཐའོ་ཡིས2012ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་ལེན་བསྟར་ནས་གོང་འོག་མཐུད་འབྲེལ་བྱེད་པའི་འགངས་ཆེའི་ལོ་ཞིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་རྒྱུ་དེ་འདི་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད་ཅིང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།བཞི་པ།ལྔ་པ།དྲུག་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་གཏིང་ཟབ་བསྟར་བ། མདུན་སྐྱོད་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་མུ་མཐུད་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བདེ་བླག་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ཧུའུ་ཅིན་ཐའོ་ཡིས་ལོ་གསར་པའི་ནང་ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་།“ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཤང་ཀང་དང་ཨའོ་མོན་ཡུན་རིང་གྲ་རྒྱས་བརྟན་ལྷིང་ཡོང་བ་བྱེད་དགོས། ང་ཚོས“ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས“དགུ་གཉིས་ཀྱི་ཐུན་མོང་ངོས་འཛིན”བྱུང་བའི་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་མུ་མཐུད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།ཧུའུ་ཅིན་ཐའོ་ཡིས་ལོ་གསར་པའི་ནང་ང་ཚོས་ཞི་བདེ་དང་།འཕེལ་རྒྱས།མཉམ་ལས་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་དང་འཆམ་མཐུན་ཨེ་ཤེ་ཡ་དང་འཛམ་གླིང་ཞིག་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཧུའུ་ཅིན་ཐའོ་ཡིས་ང་ཚོས་ཀྲུང་གོ་གུང་ཁྲང་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་བསམ་བློའི་ཐད་བློ་གཅིག་སེམས་གཅིག་ཡོང་བ་བྱེད་པ་དང་། དམིགས་ཚད་ཐད་སེམས་པ་དང་ཁ་ཕྱོགས་གཅིག་མཐུན་ཡོང་བ་བྱེད་པ། བྱ་སྤྱོད་ཐད་བློ་སེམས་གཅིག་མཐུན་ཡོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཏང་མང་མཉམ་ལས་ཀྱི་བྱ་གཞག་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གྲོས་བཅས་བྱེད་པའི་འགན་ནུས་ཏན་ཏིག་སྒྲུབ་པ་དང་། སྲིད་གྲོས་ཀྱིས་ཐབས་དང་ཇུས་འདོན་པའི་སྤུས་ཚད་མཐོ་རུ་གཏོང་བ།སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རིང་མཐུན་སྦྱོར་གྱི་འབྲེལ་བ་དང་། སྟོབས་ཤུགས་གཅིག་སྡུད་བྱེད་པ། ཐབས་དང་ཇུས་འདོན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད། 

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་པར་ངོས་བཟོ་བཅོས་བརྒྱབ་ཟིན་ནས་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་ལོ་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།