ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་པར་ངོས་བཟོ་བཅོས་བརྒྱབ་ཟིན་ནས་ཤར་གཏོང་བྱས་པ།
སངས་རྒྱས་སྒྲོལ་མ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ 2012-01-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བས་(http://www.tibetcnr.com/)པར་ངོས་བཟོ་བཅོས་བརྒྱབ་རྗེས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་དང་། དྲ་གྲོགས་རྣམས་ལ་ཚོར་སྣང་གསར་པ་ཞིག་སྦྱིན་སྲིད། པར་ངོས་སུ་འགོ་ཁྲིད་པའི་གནས་ཚུལ་དང་། རྒྱལ་ནང་གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར་རྒྱས་གླེང་། དྲ་ཐོག་རླུང་འཕྲིན་གསན་པ། པར་རིས། བརྙན་མཐོང་། དེ་མིན་རང་བསྒྲིགས་ལེ་ཚན་མེས་རྒྱལ་ཡུལ་གྲུ་སྐོར་བ་དང་། འཛམ་གླིང་སྐར་ཁུང་སོགས་ལེ་ཚན25ཙམ་བཀོད་སྒྲིག་བྱས་ཡོད་པས། ནང་དོན་ཕུན་སུམ་ཚོགས་ཤིང་། ཡི་གེ་དང་། པར་རིས། རླུང་འཕྲིན། བརྙན་མཐོང་བཅས་ཟུང་འབྲེལ་གྱི་ལམ་ནས་རྒྱལ་ཁབ་ཕྱི་ནང་གི་དྲ་གྲོགས་ལྷན་རྒྱས་ཀྱི་དགོས་མཁོར་གཞིགས་ནས་བཟོ་བཅོས་བརྒྱབ་ཡོད། ད་ཐེངས་ཀྱི་པར་ངོས་གསར་པ་འདིར་གཙོ་བོ་གོ་རིམ་གསལ་ཞིང་ལེ་ཚན་བཀོད་སྒྲིག་ཞིབ་ཕྲ་བ། པར་ངོས་ཀྱི་ཀློག་འདོན་རང་བཞིན་དང་། ལྟ་ཉན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་དྲ་གྲོགས་ལྷན་རྒྱས་ནས་གཟིགས་བདེ་ཞིང་ཀློག་བདེ་བའི་གོམས་འདྲིས་ལ་བསྟུན་ཅི་ཐུབ་བྱས་ཡོད་པ་པ་རེད།