ལྷ་སྟག་མཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-01-03
མཁའ་དབུགས་འཁྱགས་པའི་ཤུགས་རྐྱེན་གྱིས། ཟླ་དང་པོའི་ཚེས་གཅིག་ནས་ཚེས་གཉིས་ཉིན་བར་དུ། རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་ཁ་ཤས་སུ་ད་ལོའི་ཁ་བ་ཐོག་མ་བབས། ལའོ་ཉིན་ཧྲིན་ཡང་དང་ཧི་པེ་ཆིན་ཧོང་ཏའོ། ཞན་ཅིང་ཁེ་ཐོན་སོགས་ས་ཁུལ་ལ་ཁ་བ་བབས་པས། མི་རྣམས་སྒོ་ཕྱིར་འགྲོ་བར་སྟབས་མི་བདེ་བ་བཟོས་རུང་། ས་ཞིང་གི་བརླན་གཤེར་ཇེ་ལེགས་སུ་བཏང་བར་མ་ཟད། ནད་འབུ་གསོད་པར་ཡང་ཕན་པ་ཡོད། དེ་མིན་དགུན་གྲོ་དགུན་སྐྱེལ་བྱེད་པར་ཡང་ཕན་པ་རེད།
མཁའ་དབུགས་དྲོད་འཁྱགས་ཀྱི་ནམ་ཟླའི་འོག ཉིན་འདི་གཉིས་ལ་དབུས་རྒྱུད་ཤར་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་སྨུག་པ་འཐིབས་པ་དང་། ས་གནས་ཁ་ཤས་ཀྱི་རིག་ཚད་རྨི་ལྔ་བཅུ་ལས་མེད། ཟླ་དང་པོའི་ཚེས་གཉིས་ཉིན་གྱི་ཞོགས་པ་ནས་བཟུང་། སྨུག་པས་ཧི་པེ་དང་ཧྲན་ཏུང་སོགས་ཀྱི་མྱུར་བགྲོད་གཞུང་ལམ་ཁ་ཤས་གནས་སྐབས་སུ་བསྐྱོད་མཚམས་བཞག་པར་མ་ཟད། ཧོ་པེ་དང་ཧོ་ནན། ཁྲོང་ཆེན། ཨན་ཧོས་སོགས་ས་ཁུལ་ཁ་ཤས་ཀྱི་གནམ་གྲུའི་འཕུར་ཐེངས་དང་གྲུ་གཟིངས་བསྐྱོད་མཚམས་བཞག ཉིན་གུང་གི་སྔ་གཞུག་ཏུ། སྨུག་པ་རིམ་གྱིས་ཡལ་བ་དང་བསྟུན་ནས། ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་ཀྱི་འགྲུམ་འགྲིལ་རིམ་བཞིན་རྒྱུན་ལྡན་ཏུ་གྱུར་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10