ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ཀྱི་དྲ་བ 2011-12-28
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་འོག སློབ་གྲྭའི་རྒྱས་སྐྲུན་ས་གཞི་མུའུ353གཏན་འབེབས་བྱས་ཤིང་། སློབ་གྲྭ་འདིའི་ལོ་རྒྱུས་སྟེང་ཆེས་ཆེ་བའི་རྒྱས་སྐྲུན་བཟོ་འགོད་འཛུགས་སྐྲུན་ཕྱོགས་ཡོངས་སུ་སྤེལ་འགོ་བརྩམས།
གཞན་ད་དུང་སློབ་གྲྭས་ད་ལྟའི་གནས་བབ་དང་མ་འོངས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། རིག་གནས་ཚན་ཁག་ཐོག་ཁང་དང་རྫས་འགྱུར་ཚན་ཁག་ཐོག་ཁང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་སོགས་སློབ་མ་སྟོང8ལྷག་མཉམ་དུ་ཟ་མ་ཟ་ནུས་པའི་དེང་རབས་ཅན་གྱི་ཟ་ཁང་འཛུགས་སྐྲུན་བྱེད་རྒྱུ་རེད། སློབ་གྲྭ་འདིའི་སློབ་གཙོ་གཞོན་པ། སློབ་དཔོན་ཆེན་མོ་གཡང་ཧྥ་ཡེས་ཀྱིས་བཤད་རྒྱུར། སློབ་གྲྭ་རྒྱས་སྐྲུན་བཟོ་འགོད་ལ་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པས། སློབ་གྲྭའི་རྒྱས་སྐྲུན་བཟོ་འགོད་དང་ལུས་རྩལ་ར་བའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་བཏང་ཞིང་། སློབ་གྲྭའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་རྨང་གཞིའི་བརྟན་པོ་བཏིངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10