སི་ཁྲོན་ཞིང་ཆེན་གྱིས་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཁག12གཅིག་སྡུད་ཐོག་ལས་འགོ་ཚུགས་པ།

    མི་དམངས་ཉིན་རེའི་ཚགས་པར།    2011-12-28

 ཟླ12པའི་ཚེས25ཉིན། སི་ཁྲོན་ཞིང་ཆེན་གྱིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས12གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་མ་དངུལ་གཏོང་འབོར་མི་དམངས་ཤོག་སྒོར་དུང་ཕྱུར611ཟིན་གྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གོང་ཚེས་ཉིན་ལས་འགོ་ཚུགས་པའི་རྣམ་གྲངས་ཀྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་བཅུ་པོའི་ནང་སུའེ་ཉིང་ནས་ཀོང་ཨན་བར་དང་། སུའེ་ཉིང་ནས་ཤིས་ཀྲུང་བར། པ་ཀྲུང་བརྒྱུད་དེ་ཀོང་ཨན་ནས་སི་ཁྲོན་དང་ཁྲུང་ཆིང་ས་མཚམས་བར། ཤུས་ཡུང་བརྒྱུད་དེ་ཀུའེ་ལང་དང་སི་ཁྲོན་ནས་ཀུའེ་ཀྲོའུ་ས་མཚམས་བར། སི་ཀོང་ནས་ལུང་ཁྲང་བར། ནེ་ཅང་ནས་ཆི་ཡོན་བར་དང་རོང་ཙོང་བར། ཡ་ཨན་ནས་དར་མདོ་བར། དབུན་ཁྲོན་ནས་འབའ་ཁམས་བར་སོགས་ཚུད་ཡོད། མྱུར་བགྲོད་གཞུང་ལམ་རྣམ་གྲངས་བཅུ་པོའི་སྤྱིའི་ལམ་ཚད་སྤྱི་ལེ644ཡིན་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར590གཏོང་རྒྱུ་ཡིན་པ་དེའི་ནང་ཡ་ཨན་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་དང་དབུན་ཁྲོན་ནས་འབའ་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཕུག་ལམ་གྱི་རིང་ཚད་སྤྱི་ལེ18དང12སོ་སོར་ཡིན་པ་རེད།

སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཀའོ་ཕུང་གིས་སི་ཁྲོན་གྱི་འགྲིམ་འགྲུལ་དེ་ལོ་རྒྱུས་ཐོག་མ་དངུལ་འཇོག་པའི་མྱུར་ཚད་མགྱོ གས་ཤོས་དང་། མ་དངུལ་འགུག་ཐབས་ཀྱི་གཞི་ཁྱོན་ཆེ་ཤོས། མྱུར་བགྲོད་གཞུང་ལམ་དང་ཆུ་འདྲེན་རྣམ་གྲངས་ལས་འགོ་འཛུགས་མང་ཤོས། རིམ་གསུམ་ལམ་དྲ་དང་ཆུ་འདྲེན་གཅིག་འདོམས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་དུས་སྐབས་སུ་སླེབས་ཡོད། “སི་ཁྲོན་དུ་སྐྱོད་དཀའ་བའི”རྣམ་པར་འགྱུར་ལྡོག་ཡོང་བཞིན་ཡོད། རྣམ་གྲངས12དེ་དག་ལས་འགོ་ཚུགས་པས་སི་ཁྲོན་ནས་ཕར་འགྲོ་ཚུར་འོང་བྱེད་པའི་བགྲོད་ལམ་ཆེན་པོ་བཤང་བ་དང་ནང་ཁུལ་གྱི་ལམ་དྲ་འཐུས་ཚང་དུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ལྷག་པར་དུ་ཡ་ཨན་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་དང་དབུན་ཁྲོན་ནས་འབའ་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ལས་འགོ་ཚུགས་པ་དེ་ཐོག་ནས་མྱུར་བགྲོད་གཞུང་ལམ་དེ་མཚོ་བོད་ས་མཐོའི་བོད་རིགས་ས་ཁུལ་གྱི་དབུས་སུ་བཟོ་འགོ་ཚུགས་པ་མཚོན་པ་དང་ཞིང་ཆེན་དེ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ཀྲོའུ་གནས་ས་མཐའ་མ་གཉིས་འབྲེལ་མཐུད་ཡོང་རྒྱུ་རེད་ཅེས་གསུངས་པ་རེད།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱས་སྐྲུན་བཟོ་འགོད་འཛུགས་སྐྲུན་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:རྡོ་རྗེ་ཚེ་རིང་གི་ཆེད་སྡེར་དྲུག་པ་ཤར་གླིང་གི་དུང་སྒྲ་ཞེས་པ་དེ་འགྲེམ་སྤེལ་བྱ་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།