རིང་ཚད་ལ་སྨིས་བརྒྱ་ལྷག་ཡོད་པའི《རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་སྐྱོད་པའི》ཐང་ག་ད་ལོའི་དགུན་ཁ་ནས་བཟུང་བཞེངས་འགོ་བརྩམས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ    2011-12-28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་དཔྱད་བསྡུར་བྱས་པ་བརྒྱུད།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་གཞི་རྒྱ་ཆེ་བའི་དམངས་ཁྲོད་གཏམ་རྒྱུད་སྣུམ་ཚོན་ཐང་ག་རིང་མོ《རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་སྐྱོད་པའི》ཐང་ག་ད་ལོའི་དགུན་ཁ་ནས་བཞེངས་འགོ་བརྩམས། 

 ལོ་རྒྱུས་ཡིག་ཆ་ལས་བཀོད་ཡོད་པ་ལྟར་ན། རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་སྐྱོད་དུས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་བརྒྱུད་མྱོང་བས།  གནས་འདི་རུ་གསོན་ཉམས་ལྡན་པའི་ངག་རྒྱུན་མང་པོ་ཡོད།  ངག་རྒྱུན་འདི་གཞིར་བཟུང་ནས་མཚོ་ལྷོ་ཁུལ་དོན་འགྲུབ་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིས་བོད་ཀྱི་སྲོལ་རྒྱུན་ཐང་གའི་འབྲི་རྩལ་ལ་བརྟེན།   བོད་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་པ་གདན་འདྲེན་ཞུས་ཏེ་འཆར་གཞི་ལྟར་ན2011ལོའི་ཟླ11པ་ནས2013ལོའི་ཟླ5བའི་བར་དུ་སྤུས་ཚད་ལེགས་ཤིང་།  གཞི་རྒྱ་ཆེ་བའི་ཕུལ་བྱུང་ཐང་ག་ཞིག་འབྲི་བཞེངས་བྱེད་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རྫོང་དང་ཤང་གྲོང7ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་རུ་བདམས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱས་སྐྲུན་བཟོ་འགོད་འཛུགས་སྐྲུན་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།