ཅ་ཆིན་ལིན་གྱིས་ཁམ་ཕི་ཁྲེའི་མགྲོན་པོར་མཇལ་འཕྲད་གནང་།

        2012-02-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཟླ2པའི་ཚེས6ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚམས་འདྲིར་ཡོང་བའི་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཞོར་དུ་རྒྱལ་སྤྱིའི་ཕྱི་འབྲེལ་མཉམ་ལས་པུའུ་ཡི་བློན་ཆེན་གྱི་འགན་ཁུར་མཁན་ཧི་ནན་ཧོང་ལ་མཇལ་འཕྲད་གནང་།

ཅ་ཆིན་ལིན་གྱིས་གསུང་རྒྱུར། ཁམ་ཕི་ཁྲེ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་དང་། བོད་ལྗོངས་དང་ཞིན་ཅང་དང་འབྲེལ་བ་ཡོད་པ་དང་ཀྲུང་གོས་དོ་ཁུར་བྱེད་བཞིན་པའི་གནད་དོན་གལ་ཆེན་ཐད་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་བློ་བརྟེན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པས། ཁམ་ཕི་ཁྲེ་ནི་ཀྲུང་གོའི་ཡིད་རྟོན་བྱས་ཆོག་པའི་གྲོགས་པོ་བཟང་པོ་ཡིན་ལ། ང་ཚོའི་འདིའི་ཐད་ལ་ཚད་མཐོན་པོས་གཟེངས་བསྟོད་དང་བཀའ་དྲིན་ཞུས་པ་ཡིན། མིག་སྔར། ཀྲུང་གོ་དང་ཁམ་ཕི་ཁྲེའི་བར་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་ཆེས་བཟང་པའི་དུས་སྐབས་སུ་གནས་ཡོད་པ་དང་། ཀྲུང་གོས་ཀྲུང་གོ་དང་ཁམ་ཕི་ཁྲའི་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གཙིགས་ཆེན་བྱས་ནས། ཀྲུང་གོ་དང་ཁམ་ཕི་ཁྲེའི་མཛའ་མཐུན་དངོས་དོན་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་བར་མུ་མཐུད་དུ་འབད་འབུངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས། ཅ་ཆིན་ལིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་བར་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ལ་གདེངས་འཇོག་ཆེན་པོ་གནང་བ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨེ་ཤ་ཡ་ཤར་མའི་མཉམ་ལས་འཕེལ་རིམ་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་ཚད་མཐོན་པོས་བསྟོད་བསྔགས་མཛད་དེ། ཀྲུང་གོས་ཁམ་ཕི་ཁྲེ་ནང་དུ་འདུ་བའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་དག་དང་མཉམ་དུ། མུ་མཐུད་དུ་རང་ས་གནས་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཡོང་བར་སྐུལ་སྤེལ་བྱ་རྒྱུ་ཡིན་ཚུལ་བསྟན།

ཧི་ནན་ཧོང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོང་ཇེ་དྲག་དང་དངོས་དོན་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་སྟེ། ཁམ་ཕི་ཁྲེ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འབུད་པར་ཡར་སྐུལ་བྱས་ནས། ཧུར་ཐག་སྒོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་ནས་གོང་དུ་སྤེལ་རྒྱུ་ཞེས་བསྟན།  །

  • ལེ་ཚན་སྔོན་མ།:ད་ལོར་མཚོ་སྔོན་གྱིས་དབུལ་ཕོངས་རོང་འབྲོག་པ་མི་ཁྲི2ལྷག་གནས་སྤོར་བཀོད་སྒྲིག་གི་འཆར་འགོད་བྱས་ཡོད་པ།
  • ལེ་ཚན་རྗེས་མ།:ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱང་སྒྲོག་བརྙན་འཕྲིན་ཕལ་ཆེར་ཁྱིམ་ཚང་ཚང་མས་ཉན་ཐུབ་པ་དང་བལྟ་ཐུབ་
  • དོ་སྣང་ཆེ་བའི་རྩོམ།