ད་ལོར་མཚོ་སྔོན་གྱིས་དབུལ་ཕོངས་རོང་འབྲོག་པ་མི་ཁྲི2ལྷག་གནས་སྤོར་བཀོད་སྒྲིག་གི་འཆར་འགོད་བྱས་ཡོད་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2012-02-08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་འཆར་འགོད་ལྟར་ན་སྡེ་བ71ལ་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དབུལ་ཕོངས་མང་ཚོགས་ཁྱིམ་ཚང5998དང་མི་ཁྲི2.61གནས་སྤོར་བཀོད་སྒྲིག་བྱེད་རྒྱུ་རེད།ན་ནིང་། མཚོ་སྔོན་གྱིས་བསྡོམས་པས་རྒྱལ་ཁབ་ཀྱི་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་ཚོད་ལྟའི་མ་དངུལ་དང་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.7བཏང་བ་དང་། ཟི་ལིང་དང་མཚོ་ཤར། རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་དང་ཡུས་ཧྲུའུ་སོགས་ས་ཁུལ་གྱི་རྫོང25ཡི་ཤང་གྲོང46གི་སྡེ་བ60རུ་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱས། ལས་གཞི་ལག་བསྟར་མ་བྱས་སྔོན་ལ། སྡེ་བ་འདི་དག་ལ་འཐུང་ཆུ་དང་ལམ། སྨན་ཁང་། སློབ་གྲྭ་སོགས་མེད་པ་དང་། རྗེས་མཐུད་ཐོན་ལས་མེད་པ་དང་ས་གཤིས་གནོད་སྐྱོན་མང་བ་སོགས་ཀྱི་དཀའ་ངལ་ཡོད་པས། མང་ཚོགས་ཀྱིས་རང་ཉིད་ཀྱི་ནུས་པ་ཁོ་ནར་བསྟེན་ཏེ་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་དཀའ་ཁག་ཆེན་པོ་ཡོད། ལས་གཞི་ལག་བསྟར་བྱས་རྗེས། གནས་སྤོར་མང་ཚོགས་ལ་སྡོད་ཁང་དང་བདེ་འཇགས་འཐུང་ཆུ། གློག ཨར་འདམ་གཞུང་ལམ། སློབ་གྲྭ་དང་འཕྲོད་བསྟེན་ཁང་། སྡེ་བ་རིམ་པའི་བྱ་འགུལ་ར་བ། རྒྱང་སྒྲོག་བརྙན་འཕྲིན། ཡོང་སྒོ་སྤེལ་བའི་ཐོན་ལས་སོགས་ཡོད་པར་གྱུར།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་པ་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་བྱེད་པའི《མཛུབ་སྟོན་བསམ་འཆར》དངོས་གནས་ལག་ལེན་མཐར་ཕྱིན་བྱེད་ཆེད། ད་ལོར། མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་བྱེད་པའི་བྱ་བར་སྔར་ལས་ཤུགས་བསྣན་ཏེ། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དངོས་འབེབས་བྱེད་པ་བརྒྱུད་དེ་དངུལ་གཏོང་ལ་ཤུགས་སྣོན་དང་ནུས་ཁུངས་ཧྲག་བསྡུ། གཙོ་གནད་འབུར་ཐོན་དང་རིགས་བགོས་ནས་ལག་བསྟར་བྱེད་པ། གསོ་སྦྱོང་ལ་ཤུགས་སྣོན་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ། དམངས་གཙོ་དོ་དམ་དང་གཅིག་གྱུར་གྱིས་ལག་བསྟར། དྲིལ་སྒྲོག་ལ་ཤུགས་སྣོན་དང་ལྟ་སྐུལ་དང་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ། “འཆར་འགོད་དང་འཛུགས་སྐྲུན་ཚད་མཐོན་པོ་ནས་འཛིན་པའི”བླང་བྱར་གཞིགས་ཏེ། གནས་སྤོར་སྡོད་དམངས་བཀོད་སྒྲིག་ས་ཁུལ་ལ་ཆུ་དང་གློག ལམ། རིག་རྩལ། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ནས“གནས་སྤོར་ཐུབ་པ་དང་འདུག་ཐུབ་པ། ཐོན་ལས་ཡོད་པ། ཕྱུག་བསྒྱུར་བྱེད་ཐུབ་པའི”དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད། ། 

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གིས་རོང་འབྲོག་ཁུལ་གྱི་ཡིག་རྨོངས་སེལ་བར་གསོ་སྦྱོང་བྱས་པ།
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་ཁམ་ཕི་ཁྲེའི་མགྲོན་པོར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།