ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གིས་རོང་འབྲོག་ཁུལ་གྱི་ཡིག་རྨོངས་སེལ་བར་གསོ་སྦྱོང་བྱས་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-02-07
འདི་གའི་རོང་འབྲོག་ས་ཁུལ་གྱི་ན་གཞོན་ཚོའི་ཡིག་རྨོངས་སེལ་བ་དང་།རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱིས་ཚན་རིག་རིག་གནས་ཤེས་བྱ་སྦྱོང་བ་དང་རོང་འབྲོག་མི་དམངས་ཀྱི་དངོས་སྤྱོད་ལག་རྩལ་འདུ་ཤེས་མཐོར་འདེགས་གཏོང་བ།ཚན་རིག་ལ་བརྟེན་ནས་ཞིང་ཕྱུགས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་ཆེད།ཉེ་ལམ་སྟག་རྩེ་རྫོང་གིས་ཡིག་རྨོངས་སེལ་བའི་གཏན་འཇགས་གསོ་སྦྱོང་བྱ་འགུལ་སྤེལ་ཞིང་།རོང་འབྲོག་མི་དམངས156ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པ་རེད།དུས་ཡུན་ཟླ་ཕྱེད་རིང་གི་གསོ་སྦྱོང་བརྒྱུད།མང་ཚོགས་ཀྱིས་འབྲེལ་ཡོད་རིག་གནས་ཤེས་བྱ་དང་ངལ་རྩོལ་ལག་རྩལ་སོགས་སྦྱང་ཐུབ་ངེས་ཤིང་།རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་གསོ་སྦྱོང་ལ་ཆེད་དུ་བསླབ་གཞི་ཞིག་རྩོམ་སྒྲིག་བྱས་ཡོད་པ་དང་།སློབ་གྲྭའི་དགེ་རྒན་གྱིས་ཡིག་རྨོངས་སེལ་བའི་སློབ་གསོ་བྱ་བ་སྒྲུབ་ཀྱི་ཡོད་ལ།གསོ་སྦྱོང་མཇུག་སྒྲིལ་རྗེས།དེ་གའི་རྫོང་སློབ་གསོ་ཅུས་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་མང་ཚོགས་ལ་རྒྱུགས་ལེན་རྒྱུ་ཡིན་པར་བཤད།