བོད་ཀྱི་ན་གཞོན་ཞིབ་འཇུག་པ་བསོད་ནམས་འབུམ་སྐྱབས་ཀྱིས་འཁྲབ་ཁྲིད་བྱས་པའིDVགློག་བརྙན༼སྨུག་པ༽ཞེས་པ་མི་འགྱངས་པར་ཚོང་རར་འགྲེམ་རྒྱུ་རེད།

        2011-12-07

བོད་ཀྱི་ན་གཞོན་ཞིབ་འཇུག་པ་བསོད་ནམས་འབུམ་སྐྱབས་ཀྱིས་འཁྲབ་ཁྲིད་བྱས་པའིDVགློག་བརྙན༼སྨུག་པ༽ཞེས་པ་མི་འགྱང
ཉེ་ལམ་བོད་ཀྱི་ན་གཞོན་ཞིབ་འཇུག་པ་བན་ཤུལ་བསོད་ནམས་འབུམ་སྐྱབས་ཀྱིས་འཁྲབ་ཁྲིད་བྱས་ཤིང་བོད་ཀྱི་མིང་དུ་གྲགས་པའི་འཁྲབ་སྟོན་པ་སོག་ཕྲུག་ཤེས་རབ་དང་མགོ་ལོག་སྒྲོལ་མ་སྐྱིད།མཚོ་སྔོན་སྒྱུ་རྩལ་སློབ་གླིང་གི་སློབ་མ་རབ་བརྟན་ཡག་དང་འབྲུག་མོ་སོགས་ཀྱིས་འཁྲབ་སྟོན་བྱས་པའིDVགློག་བརྙན<སྨུག་པ>ཞེས་པའི་ཕབ་བསྐྲུན་མཇུག་རྫོགས་པ་དང་མི་འགྱངས་བར་རྒྱ་ཆེ་བའི་ལྟ་མཁན་གྲོགས་པོ་ཡོངས་ཀྱི་མིག་སྔར་འགྲེམ་རྒྱུ་རེད།གློག་བརྙན་འདིར་མཐར་ཕྱིན་མ་ཐུབ་པའི་བོད་ཀྱི་སློབ་ཆེན་སློབ་མ་ཞིག་གི་ལས་དབང་དང་གཞུང་རྒྱུད་དྲང་བའི་བོད་རིགས་བུ་མོ་ཞིག་གིས་འཚོ་བར་བཅངས་པའི་རེ་བ།ད་དུང་བོད་མི་རྒན་པོ་ཞིག་གིས་ཚེ་སྲོག་ལ་བཅངས་པའི་ལྟ་སྟངས་སམ་བསམ་བློ་དེ་བརྗོད་གཞི་བྱས་ནས། དཀྱིལ་ན་གཡུ་རལ་ཅན་གྱི་སྐེ་རྒྱན་ཞིག་དང་འབྲེལ་དེ་བརྩེ་དུང་དང་ཕུགས་བསམ། ཚེ་སྲོག་དང་ལས་དབང་སོགས་གཞི་གཅིག་ཏུ་འབྲེལ་ནས་ཀྱག་ཀྱོག་གི་གཏམ་རྒྱུད་ཅིག་གི་བྱུང་རིམ་བརྗོད་ཡོད་ལ། གཏམ་རྒྱུད་འདིས་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་གཙོ་བོར་བཟུང་ནས་ད་ལྟའི་སྤྱི་ཚོགས་ཀྱི་ཟུར་ཞིག་གི་སྣང་ཚུལ་བརྗོད་ཡོད།
 

  • ལེ་ཚན་སྔོན་མ།:བོད་ལྗོངས་མངའ་རིས་ས་ཁུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སློབ་གསོར་སྒྱུར་བཅོས་དང་སྨན་བཅོས་ལ་སྒྱུར་བཅོས་བྱས་པས“མཁོ་ཆོད་སྨན་པ་དཀོན་པའི”གནས་ཚུལ་ཞི་
  • དོ་སྣང་ཆེ་བའི་རྩོམ།