རང་རྒྱལ་གྱིས་སློབ་གསོར་སྒྱུར་བཅོས་དང་སྨན་བཅོས་ལ་སྒྱུར་བཅོས་བྱས་པས“མཁོ་ཆོད་སྨན་པ་དཀོན་པའི”གནས་ཚུལ་ཞི་ལྷོད་དུ་ཕྱིན་པ།

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།    2011-12-12

སློབ་གསོ་པུའུ་དང་འཕྲོད་བསྟེན་པུའུ་ཡིས་ཚེས6ཉིན་རྒྱལ་ཡོངས་ཀྱི་གསོ་རིག་སློབ་གསོ་སྒྱུར་བཅོས་ལས་དོན་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པའི་ཐོག་ནས་རང་རྒྱལ་གྱིས་སློབ་གསོ་དང་སྨན་བཅོས་སྒྱུར་བཅོས་ཐདཕྱོགས་གཉིས་དམ་འཛིནབྱས་པ་བརྒྱུད་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་བྱུང་བའིམཁོ་ཆོད་སྨན་པ་དཀོན་པའིགནས་ཚུལ་ཞི་ལྷོད་དུ་ཕྱིན་པ་མངོན་ཡོད།མཁོ་ཆོད་སྨན་པའི་གྲངས་འབོར་ཉུང་ཉུང་ཡིན་པ་དང་སྤུས་ཚད་མཐོ་པོ་མེད་པ་དེ་མིག་སྔའི་གཞི་རིམ་གྱི་འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་འགག་མདོ་ཞིག་ཆགས་ཡོདའཕྲོད་བསྟེན་པུའི་པུའུ་ཀྲང་ཁྲེན་ཀྲུའུ་ཡིསདམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་མ་ལག་འཛུགས་སྐྱོང་བྱེད་པའི་དུས་སྐབས་གསར་པར་མཁོ་ཆོད་སྨན་པ་བཀོད་སྒྲིག་བྱེད་པ་དེས་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུས་གཞི་རིམ་གྱི་ཐོག་མའི་ནད་དཔྱད་བྱ་རྒྱུ་དང་།གཉིས་མོས་སྨན་བཅོས་བྱ་རྒྱུ།གོང་འོག་མཉམ་སྒུལ་བྱ་རྒྱུ།གཅོང་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱ་རྒྱུ།སྨན་རིན་ཚོད་འཛིན་བྱ་རྒྱུ་བཅས་ཚང་མར་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོདཅེས་གསུངས།

ཀྲུང་གོར་མཁོ་ཆོད་སྨན་པ་བྱུང་ནས་ལོ་20ལྷག་ཙམ་སོང་ཡང་ད་བར་ཡོད་པ་ཤེས་མཁན་ཀྲུང་གོ་བ་ཉུང་ཉུང་ཡིན་པ་དང་ཐ་ནསྨན་པ་རྐང་རྗེན་མདང་མཉམ་འཇོག་བྱེད་ཀྱི་ཡོད།འཕྲོད་བསྟེན་པུའུ་ཡི་བསྡོམས་རྩིས་གསར་ཤོས་ཀྱི་ཐོག་ནས་མིག་སྔར་རང་རྒྱལ་གྱིས་ཐོ་བཀོད་བྱས་པའི་མཁོ་ཆོད་སྨན་བཅོས་ཚན་ཁག་ལ་ལས་རིགས་སྨན་པ་དཀའ་བཅུ་པ་མི་གྲངས་ཁྲི་བརྒྱད་ལྷག་ཙམ་ལས་མེད་པ་དེས་སྨན་པ་དཀའ་བཅུ་པ་ཡོངས་ཀྱི4.3%ལས་བཟུང་མེད།འོན་ཀྱང་གཞི་རིམ་གྱི་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་མཁན་རྒྱལ་ཁབ་དང་ས་ཁུལ་དུ་མཁོ་ཆོད་སྨན་པས་སྤྱིར་ན་སྨན་པ་དཀའ་བཅུ་པ་ཡོངས་ཀྱི་གསུམ་ཆ་གཅིག་དང་ཐ་ན་གཉིས་ཆ་གཅིག་ཡན་བཟུང་བ་མངོན་ཡོད།

ཁྲེན་ཀྲུའུ་ཡིས་ནུབ་ཕྱོགས་ཀྱི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལག་ལེན་ཐོག་ནས་མཁོ་ཆོད་སྨན་པས་གཞི་རིམ་གྱི་རྒྱུན་མཐོང་ནད་གཞི་དང་རྟག་ཐོན་ནད་གཞི་དཔྱད་བཅོས་བྱ་རྒྱུ་དང་།ནད་པ་དྲག་སྐྱེས་ཡོང་རྒྱུ་དང་དེ་བཞིན་གཞན་སྒྱུར་སྨན་བཅོས་བྱ་རྒྱུ།ནད་གཞི་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་སོགས་ཀྱི་ཐད་འགན་ནུས་ལྕི་པོ་ཁུར་ཡོད་པས་ཡུལ་མི80%ཡི་བདེ་ཐང་གི་གནད་དོན་དེ་སྡེ་ཁུལ་ནས་ཐག་གཅོད་ནུས་ལྡན་ཐུབ་པ་མངོན་སྟབས་མཁོ་ཆོད་སྨན་པར་ཡང་དེའི་དབང་གིས་ཡུལ་མིའི་བདེ་ཐང་གིསྒོ་སྲུང་བཞེས་པའི་མཚན་གསོལ་ཡོད།

དུས་ཡུན་རིང་པོའི་ནང་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དོ་མཉམ་མེད་པ་དང་།རང་རྒྱལ་གྱི་གསོ་རིག་སློབ་གསོའི་རིམ་པ་མང་བ་དང་ལམ་སྲོལ་སྣ་ཚོགས་མཉམ་དུ་གནས་པ།གསོ་རིག་སློབ་ཐོན་སློབ་མའི་ནད་ཐོག་སྨན་བཅོས་དང་ལྷག་པར་དུ་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེན་པོ་མེད་པ་བཅས་ཀྱིས་རྐྱེན་པས་སྤྱི་དམངས་ཀྱི་ཡིད་ཆེས་ཐོབ་ཁག་པོ་ཆགས་ནས་སྤྱི་དམངས་ཀྱིས་ནད་གཞི་ཆུང་གྲས་ཡིན་ཡང་སྨན་ཁང་ཆེ་སར་ལྟ་བར་བསྐྱོད་སྟབས་སྨན་རིན་མགྱོ གས་མྱུར་འཕར་བ་དང་སྨན་ཁང་ཆེ་གྲས་ཀྱི་གཞི་ཁྱོན་མགྱོ གས་མྱུར་ཆེ་རུ་ཕྱིན་ཏེ་སྨན་ཁང་ཆེ་སར་ནད་པས་ཁེངས་པ་དང་སྡེ་ཁུལ་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་ཁང་དུ་ཡོང་མཁན་ཉུང་ཉུང་ཡིན་པའི་གནས་ཚུལ་ཆགས་ཡོད།

ལག་ལེན་གྱི་ནུས་པ་དེ་གསོ་རིག་སློབ་གསོའི་ཁྲོད་ཧ་ཅང་མི་འདང་ས་ཞིག་ཆགས་ཡོདསློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་གྱིསངེས་པར་དུ་གསོ་རིག་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་ལ་སྒྱུར་བཅོས་བྱེད་མགྱོ གས་སུ་གཏོང་དགོསཞེས་གསུངས་ཡོད།

འདི་ལོའི་ཟླ་བ་བདུན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིསམཁོ་ཆོད་སྨན་པའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆརཁྱབ་བསྒྲགས་བྱས་པའི་ནང་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་ལ་སྒྱུར་བཅོས་བྱ་རྒྱུའི་ཐད་ཇུས་བཀོད་རྩེ་གྲ་བྱས་ཏེ་མཁོ་ཆོད་སྨན་པ་གསོ་སྐྱོང་བྱ་རྒྱུ་དེ“5+3”གྱི་བྱེད་སྟངས་སུ་རིམ་བཞིན་ཚད་ལྡན་ཡོང་བ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་སྟེ།ནད་ཐོག་སྨན་བཅོས་གསོ་རིག(ཀྲུང་ལུགས་གསོ་རིག)གི་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་གསོ་ལོ་5དང་ལེན་བྱས་པའི་ཐོག་སླར་ཡང་མཁོ་ཆོད་སྨན་པའི་ཚད་ལྡན་གསོ་སྦྱོང་ལོ་3དང་ལེན་བྱེད་དགོས་པ་དེ་ཡིན།

དོན་དངོས་ཐོག་གསོ་རིག་སློབ་གསོའི་སྒྱུར་བཅོས་དེན་ཚ་ལྟ་དཀའ་བའིགནད་དོན་མངོན་གསལ་དོད་པོ་ཡོད་པའི་གྲོང་ཁྱེར་ཆེ་གྲས་སུ་སྔོན་ལ་བྱེད་འགོ་ཚུགས་ཤིང་།1997ལོ་ནས་བཟུང་ཧྲང་ཧའེ་ཡིས་སྡེ་ཁུལ་གྱི་ནད་ཐོག་སྨན་བཅོས་ཀྱི་སྨན་པ་དཀའ་བཅུ་པར་མཁོ་ཆོད་ལས་གནས་ཀྱི་གསོ་སྦྱོང་བྱས་པ་དང་།གསོ་རིག་སློབ་ཆེན་དང་སློབ་གླིང་གི་དངོས་གཞིའི་ཚན་ཁག་ཐོན་པའི་སློབ་མ་བསྡུས་ནས་མཁོ་ཆོད་སྨན་པ་དཀའ་བཅུ་པའི་ཚད་ལྡན་གསོ་སྦྱོང་ནང་ཞུགས་སུ་འཇུག་པ།མཁོ་ཆོད་སྨན་པ་དཀའ་བཅུ་པ་གསོ་སྦྱོང་བྱ་རྒྱུ་དེ་གྲོང་ཁྱེར་དེ་ཡོངས་ཀྱི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་ཚད་ལྡན་གསོ་སྦྱོང་བྱ་རྒྱུའི་འཆར་གཞིའི་ནང་འཇོག་པ་བཅས་དུས་མཚམས་གསུམ་གྱི་སྒྱུར་བཅོས་བྱས་པ་བརྒྱུད་མཁོ་ཆོད་སྨན་པ་གསོ་སྦྱོང་དང་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་གསོ་སྦྱོང་བྱ་རྒྱུ་ཟུང་དུ་སྦྲེལ་བའི་ལམ་སྲོལ་ཞིག་བཟོས་ཡོད།

 

  • ལེ་ཚན་སྔོན་མ།:བོད་ཀྱི་ན་གཞོན་ཞིབ་འཇུག་པ་བསོད་ནམས་འབུམ་སྐྱབས་ཀྱིས་འཁྲབ་ཁྲིད་བྱས་པའིDVགློག་བརྙན༼སྨུག་པ༽ཞེས་པ་མི་འགྱང
  • ལེ་ཚན་རྗེས་མ།:2012མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་ལོ་སར་རིག་རྩལ་དགོང་ཚོགས་གྲ་སྒྲིག་བྱེད་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།