མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་དམངས་འཚོ་བོད་རོགས་སྐྱོར་བྱ་གཞག་ལག་བསྟར་བྱས་པར་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཐོབ་པ

ཚེ་རིང་རྒྱ་མཚོས་བསྒྱུར།    ཞིན་ཧྭ་དྲ་བ།    2011-12-06

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་དམངས་འཚོ་བོད་རོགས་སྐྱོར་བྱ་གཞག་ལག་བསྟར་བྱས་པར་འབྲོག་པ་མང་ཚོགས་ཀྱི་འཚ
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ནི“འཛམ་གླིང་གི་ཡང་རྩེ”རུ་གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་ཤར་ཕྱོགས་བོད་བྱང་ཐང་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དང་སྤྱེ་ལེ1000གི་མཚམས་སུ་ཡོད་ལ།  མངའ་རིས་ས་ཁུལ་གྱི་འབྲོག་ལས་རྫོང་ཆེན་ཞིག་ཡིན།  2002ལོ་ནས་བཟུང་ནས་ད་ལྟའི་བར་དུ་ཀྲུང་གོ་འགུལ་སྤོ་ཀུང་ཟིས་སྒེར་རྩེ་རྫོང་ལ་བསྡོམས་པས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར1.5བཏང་ཞིང་།  དེའི་ནང་བོད་རོགས་སྐྱོར་མ་དངུལ་མང་ཆེ་བ་རོང་འབྲོག་ཁུལ་ལ་བཏང་ནས།  བདེ་སྡོད་ཁང་པ་དང་སྡེ་མི་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་།  དཔེ་མཛོད་ཁང་།  འཕྲོད་བསྟེན་ཁང་སོགས་དམངས་འཚོ་རྣམ་གྲངས་སྐོར་ཞིག་འཛུགས་སྐྲུན་ལག་བསྟར་བྱས་པས།  ས་དེའི་རོང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཐོབ།  ། 

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་དམངས་འཚོ་བོད་རོགས་སྐྱོར་བྱ་གཞག་ལག་བསྟར་བྱས་པར་འབྲོག་པ་མང་ཚོགས་ཀྱི་འཚ
སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་སྡེ་བའི་བོད་རིགས་སྨན་པ་སངས་བྷ་ཡིས་རོགས་འཛུགས་བྱས་པའི་སྨན་བཅོས་ཁང་དུ་ས་དེའི་མང་ཚོགས་ལ་ཁྲག་ཚད་འཇལ་བཞིན་པ།


 

  • ལེ་ཚན་སྔོན་མ།:རྒྱ་བོད་ཡིག་གི་བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཚོང་ལས་ཚགས་པར་གཉིས་ཀྱི་ཁེབས་རྒྱ་སྔར་ལས་ཇེ་ཆེར་
  • ལེ་ཚན་རྗེས་མ།:བོད་ལྗོངས་མངའ་རིས་ས་ཁུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་པ།
  • དོ་སྣང་ཆེ་བའི་རྩོམ།