ཀྲུང་གོ་བོད་ཀྱི་དྲ་བ། 2011-12-05
ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། ལྷ་ས་ནས་ཆས་པའི་གནམ་གྲུའི་ནང་རྒྱ་བོད་ཡིག་གི་བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་ཚོང་ལས་ཚགས་པར་རིན་མི་ལེན་པར་མགྲོན་པོ་རྣམས་ལ་མཁོ་འདོན་བྱས་པ་དང་། མགྲོན་པོས་བོད་ལྗོངས་ལ་རྒྱུས་ལོན་དང་ངོས་ཟིན། བོད་ལྗོངས་ཀྱི་གནས་ཚུལ་གསར་བར་རྒྱུས་ལོན་བྱེད་པར་མཐུན་རྐྱེན་བཟང་བོ་སྐྲུན།
དེ་ནི་ཏང་གི་ཚོགས་ཆེན་སྐབས་བཅུ་བདུན་པའི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འཁེལ་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་བློ་མཐུན་ཁྲིན་ཆོན་ཀོ་ཡིས་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་བཏོན་པའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཐད་ཀྱི་དགོས་མཁོ་སྐོང་བ་དམིགས་ཡུལ་དུ་བཟུང་ནས། རིག་གནས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་གསར་འགྱུར་སྨྱན་བྱེད་གཙོ་བོའི་སྤྱི་ཚོགས་དགོས་མཁོ་ཐད་གང་ལེགས་སྒོས་ཞབས་ཞུ་བྱེད་པའི་བྱེ་བྲག་ཐབས་མཆོག་ཅིག་ཡིན། རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་དང། མཁའ་སྐྱོད་བོད་ལྗོངས་ཅུའུ། རང་སྐྱོང་ལྗོངས་སྦྲགས་སྲིད་ཀུང་ཟི། བོད་ལྗོངས་མཁའ་ལམ་གསར་གཏོད་བྱེད་པའི་མཁའ་སྐྱོད་ཀུང་ཟི་ཆེ་མ་ཆུང་གསུམ་གྱིས་མཉམ་དུ་འབད་པ་བྱས་པ་དང་བྱེད་ཐབས་སྣ་མང་སྤྱད་པས། བོད་ལྗོངས་ཉིན་རེའི་ཚགས་པར་བདེ་བླག་ངང་མཁའ་རུ་བསྐྱལ། རང་སྐྱོང་ལྗོངས་སྦྲགས་སྲིད་ཀུང་ཟིས་ཆེད་དུ་ལྷ་ས་ནས་གུང་དཀར་གནམ་གྲུ་ཐང་དུ་ཏང་གི་ཚགས་པར་ཆེད་སྤྱོད་བགྲོད་ལམ་བསྐྲུན་ནས། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། ཉིན་རེ་རེའི་སྔ་མོའི་དུས་ཚོད་བདུན་སྟེང་ཆེད་གཏོང་རླངས་འཁོར་དང་ཆེད་མི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་ལམ་དུ་ཆས་ཏེ། དུས་ཚོད་བརྒྱད་ཀྱི་སྟེང་གུང་དཀར་གནམ་གྲུ་ཐང་དུ་ཐོན་ཐུབ་ལ། མཁའ་སྐྱོད་བོད་ལྗོངས་ཅུའུ་ཡིས་ས་ངོས་ཀྱི་ཁག་ཐེག་ཞབས་ཞུ་སྒྲུབ་པ་དང་རྒྱལ་ཁབ་མཁའ་སྐྱོད། ཤར་ཕྱོགས་མཁའ་སྐྱོད། ལྷོ་ཕྱོགས་མཁའ་སྐྱོད། སི་ཁྲོན་མཁའ་སྐྱོད། བོད་ལྗོངས་མཁའ་སྐྱོད་ཀུང་ཟི་བཅས་ཀྱིས་ཚགས་པར་ཉོས་ཏེ་མགྲོན་པོར་རིན་མི་ལིན་པར་འདོན་སྤྲོད་བྱས།
བོད་ལྗོངས་སུ་གསར་འགྱུར་སྨྱན་བྱད་ཀྱི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་སྟེ། ཧུར་ཐག་སྒོས་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་དང་བོད་ལྗོངས་ཀྱི་སྤྱི་ཚོགས་གནས་ཚུལ་གསར་བ་དྲིལ་སྒྲོག་བྱེད་ཆེད། བོད་རང་སྐྱོང་ལྗོངས་སྦྲགས་སྲིད་ཀུང་ཟིའི་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་ལྟར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་གུང་དཀར་གནམ་གྲུ་ཐང་ཏང་གི་ཚགས་པར་ཁང་བར་ཆེད་སྤྱོད་སྦྲགས་སྲིད་བགྲོད་ལམ་ཤར་གཏོང་བྱས་པ་མ་ཟད། དེ་དང་མཐུན་པའི་ཇུས་གཞི་དང་མཁོ་བསྟུན་བྱེད་ཐབས་བཟོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10