མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་བཙུགས་པ་དང་སྟག་འབུམ་ཐར་གྱིས་མཐུན་ཚོགས་དེའི་སྒོ་བྱང་སྟེང་གི་ཡོལ་རས་བླངས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-25

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱི་ཚོགས་མིའི་གྲོས་ཚོགས་སྐབས་དང་པོ་ཟླ11པའི་ཚེས24ཉིན་ཟི་ལིང་ནས་ཚོགས། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྲོས་ཚོགས་སུ་ཞུགས་པ་དང་། ཁོངས་གཏོགས་ལས་ཁུངས་བརྒྱ་དང་བཅུ་གཅིག་གི་འཐུས་མི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་དང་རྒྱུན་ལས་ལས་འཛིན་ཚོགས་གཙོ།དྲུང་ཡིག་ཆེན་མོ་བཅས་བདམས་ཐོན་བྱུང་།གྲོས་ཚོགས་སྟེང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འགན་འཁུར་མི་སྣས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་གྱི་གནས་བབ་གསལ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགན་འཁྲི་རང་བཞིན་དང་ལོ་རྒྱུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་བཟང་བོར་བསྒྲུབ་སྟེ་སྤྱི་ཚོགས་ཀྱི་དབུལ་སྐྱོར་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།ཀྲུང་གོ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་ཆེད་དུ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་བཙུགས་པར་ལྷག་བསམ་འཁོལ་བའི་ངང་རྟེན་འབྲེལ་ཞུས། དེ་དང་མཉམ་དུ་ཉེ་བའི་ལོ་འགའི་རིང་ལ།མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་ནས་མགོ་བརྩམས་ཏེ། དབུལ་སྐྱོར་གསར་སྤེལ་བྱ་བར་ཡར་སྐུལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་བྱ་བ་མང་དུ་བསྒྲུབས་ཏེ་གྲུབ་འབྲས་ཀྱང་ཆེན་པོ་བླངས་པར་འདོད།  ། 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་སྡེ་དཔོན་གྱི་འགན་ཁུར་བའི་སློབ་ཆེན་སློབ་མའི་གསོ་སྦྱོང་འཛིན་གྲྭ་པེ་ཅིན་ནས་བསྡུས།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་ནས་ཚོགས་པ
  • དོ་སྣང་ཆེ་བའི་རྩོམ།