རྒྱལ་ཡོངས་ཀྱི་སྡེ་དཔོན་གྱི་འགན་ཁུར་བའི་སློབ་ཆེན་སློབ་མའི་གསོ་སྦྱོང་འཛིན་གྲྭ་པེ་ཅིན་ནས་བསྡུས།

དཔའ་བརྟན་རྒྱལ།    ཞིན་ཧྭ་གསར་འགྱུར་དྲ་བ།    2011-11-25

རྒྱལ་ཡོངས་ཀྱི་སྡེ་དཔོན་གྱི་འགན་ཁུར་བའི་སློབ་ཆེན་སློབ་མའི་གསོ་སྦྱོང་འཛིན་གྲྭ་ཚེས་ཉེར་གསུམ་ཉིན་པེ་ཅིན་ཧྥང་ཧྲན་སྡོད་ཁུལ་གྱི་ཧན་ཚོན་ཧི་སྡེ་བ་ནས་བསྡུས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིས་ཡོན་ཁྲའོ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།ཁོས་བསྟན་དོན།མཐོ་རིམ་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་མ་གདམ་གསེས་བྱས་ཏེ་སྡེ་བའི་ནང་དུ་སོང་ནས་འོས་འགན་འཁུར་དུ་འཇོག་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ།སློབ་ཆེན་ནས་མཐར་ཕྱིན་ཏེ་སྡེ་དཔོན་གྱི་འགན་འཁུར་མཁན་རྣམས་ཀྱིས་རང་རྟོགས་ཀྱི་སྒོ་ནས་རང་གི་མི་ཚེའི་གདམ་གསེས་དེ་ཏང་དང་མི་དམངས་ཀྱི་ལས་དོན་ཁྲོད་འཐིམ་པར་བྱས་ནས་ཞིང་སྡེ་ལ་སོང་ནས་མི་དམངས་དགེ་རྒན་དུ་བསྟེན་པ་དང་། དཀའ་སྡུག་གི་ཁོར་ཡུག་ཁྲོད་ནས་རང་ཉིད་ལ་སྦྱོང་བརྡར་བྱས་ནས་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་བྱེད་པ་དང་།ཞིང་པ་གྲོགས་པོའི་བར་ལ་གཏིང་ཟབ་པའི་བརྩེ་འདང་ཆགས་པར་བྱས་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྐང་འཛིན་པར་འགྱུར་བར་འབད་བརྩོན་བྱེད་དགོས་ཟེར།ཐེངས་འདིའི་སློབ་ཆེན་སློབ་མའི་སྡེ་དཔོན་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་པུའུ་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་ཡིན་ལ།རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུལ་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སློབ་ཆེན་སློབ་མའི་སྡེ་དཔོན་གོ་དྲུག་གསོ་སྦྱོང་འཛིན་གྲྭར་ཞུགས།གསོ་སྦྱོང་འཛིན་གྲྭས་ཀྲུང་དབྱང་གི་འབྲེལ་ཡོད་འགན་འཁུར་བ་དང་ཆེད་ལས་མཁས་པ་སོགས་གདན་དྲངས་ནས་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་སྤྱི་ཚོགས་དོ་དམ།དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཕྱོགས་ནས་ཆེད་དོན་མཛུབ་སྟོན་བྱས་པར་མ་ཟད།སློབ་ཆེན་སློབ་མའི་སྡེ་དཔོན་གྱི་འགན་འཁུར་མཁན་རྣམས་ལ་ཞིང་གསུམ་གནས་ཚུལ་རྒྱུས་ལོན་བྱེད་པར་རོགས་རམ་དང་ཞིང་སྡེའི་བྱ་བའི་བྱེད་ཕྱོགས་ཁོང་དུ་ཆུད་པར་རོགས་རམ་བྱེད་པ།ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་མི་དམངས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་བར་རོགས་རམ་བཅས་བྱས་ཏེ།ས་གནས་སོ་སོ་ནས་སློབ་ཆེན་སློབ་མའི་སྡེ་དཔོན་གྱི་འགན་འཁུར་མཁན་རྣམས་ཀྱི་གསོ་སྦྱོང་བྱ་བར་དཔེ་སྟོན་རང་བཞིན་གྱི་ནུས་པ་ཐོན་པར་བྱས།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་སློབ་གསོའི་ཐེབས་རྩ་ཚོགས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་ལྷག་བཏང་ནས་དགེ་སློབ་སྟོང་གསུམ་
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་བཙུགས་པ་དང་སྟག་འབུམ་ཐར་གྱིས་མཐུན་ཚོགས་དེའི་སྒོ་བྱང་སྟ
  • དོ་སྣང་ཆེ་བའི་རྩོམ།