མཚོ་སྔོན་ཞིང་ཆེན་སློབ་གསོའི་ཐེབས་རྩ་ཚོགས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་ལྷག་བཏང་ནས་དགེ་སློབ་སྟོང་གསུམ་དང་དགུ་བརྒྱ་ལྷག་ལ་བྱ་དགའི་རོགས་རམ་བྱས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2011-11-24

ཚེས་ཉེར་གསུམ་ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོའི་ཐེབས་རྩ་ཚོགས་པས་ལོ་འཁོར་གཅིག་ལོན་པའི་ཚོགས་ཆེན་བསྡུས་ཤིང་།ལོ་གཅིག་གི་རིང་ལ་ཐེབས་རྩ་ཚོགས་པས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཉི་ཤུ་ལྷག་དང་སློབ་གསོའི་ཁོངས་གཏོགས་ཀྱི་ལས་ཁུངས་དང་།སློབ་གྲྭ་དགུ་བཅུ་ལྷག་དང་དེ་མིན་མི་སྒེར་ལ་བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་ཞལ་འདེབས་སུ་ཕུལ།ད་ལྟའི་བར་དུ་ཐེབས་རྩ་ཚོགས་པས་ཞལ་འདེབས་འབུལ་བའི་གོ་སྐབས་ལ་བརྟེན་ནས་སྔ་གཞུག་ཏུ་རོགས་སྐྱོར་ལས་གཞི་ཉེར་གཅིག་བཙུགས་ནས།མི་དམངས་ཤོག་སྒོར་བྱེ་བ་གཅིག་དང་འབུམ་གཉིས་ཁྲི་དགུ་སྟོང་གསུམ་ལྷག་བཏང་ནས།རིམ་པ་སོ་སོ་དང་ལས་རིགས་སོ་སོའི་དཔལ་འབྱོར་ཐད་དཀའ་ཁག་ཆེ་བའི་སློབ་གྲྭ་དང་ཁྱིམ་ཚང་གི་སློབ་མ་སྟོང་གཉིས་དང་བདུན་བརྒྱ་དང་ཞེ་དགུ་རོགས་རམ་བྱས་པ་དང་།ཕུལ་བྱུང་དགེ་རྒན་དགུ་བརྒྱ་དང་ང་དྲུག་ལ་རོགས་རམ་བྱས་ནས་གསོ་སྦྱོང་དང་བྱ་དགའ་བྱིན།ཉིན་དེའི་ཚོགས་ཆེན་སྟེང་ཐེབས་རྩ་ཚོགས་པས་ད་ལོར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་མ་དང་།ཡུས་ཧྲུའུ་ཡི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མ་བརྒྱ་ལ་མི་རེར་མི་དམངས་ཤོག་སྒོར་སྟོང་ལྔ་རེའི་བྱ་དགའི་རོགས་རམ་བྱས།  
  • ལེ་ཚན་སྔོན་མ།:བུན་ཅ་པའོ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་སྡེ་དཔོན་གྱི་འགན་ཁུར་བའི་སློབ་ཆེན་སློབ་མའི་གསོ་སྦྱོང་འཛིན་གྲྭ་པེ་ཅིན་ནས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།