མཚོ་སྔོན་ཞིང་ཆེན་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་ནས་ཚོགས་པ

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-28

མཚོ་སྔོན་ཞིང་ཆེན་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་ནས་ཚོགས་པ
ཚེས25ཉིན་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་ཡིས་གཏམ་གལ་ཆེན་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གྱིས་ཚོགས་འདུར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རིན་ཆེན་རྒྱལ་དང་ཞུའུ་ཧྥུའུ་ཧྲོན། ལོ་ཡུས་ལིན། ཅི་ཏི་མ་ཅ། རྡོ་རྗེ་རབ་བརྟན། ཀྲང་ཧྲུའུ་ལིན། སུའུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཁྲུན་ཡའོ། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་དང་། ཀྲང་ཀོང་རོང་། མཱ་ཧྲོན་ཆིན། ཀྲང་ཅན་མེན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་དབྱི་ཀྲི་སོགས་གྲོས་ཚོགས་སུ་ཞུགས།
 

རེབ་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱེད་པ། རིག་གནས་འཛུགས་སྐྲུན་བྱ་བའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་བ་བཅས་བྱས་ནས། རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་ཞིག་གསར་གཏོད་བྱེད་རྒྱུ་དེ་རེད།

ཆང་བེ་ཡིས་བསྟན་དོན། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་«ཀྲུང་གུང་ཀྲུང་དབྱང་གི་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་བ་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་རྒྱུ་ནི། ང་ཚོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚུན་ལ། ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ནས། རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པའི་བསམ་འཆར་དང་འཆར་གཞི། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱེད་པར་ཞིབ་འཇུག་བྱས། གོ་རིམ་རྗེས་མར་གཙོ་བོ་བསམ་བློ་གཅིག་གྱུར་བྱེད་པ་དང་། ཐུན་མོང་གི་བྱེད་ཐབས་སྤྱོད་པ། དངོས་འབེབས་དམ་འཛིན་བཅས་བྱས་ནས་ཕན་འབྲས་བརྩོན་ལེན་བྱེད་དགོས་ཟེར།

ཆང་བེ་ཡིས་ནན་གྱིས་བསྟན་དོན། རིག་གནས་ཀྱི་རང་རྟོག་ཇེ་མཐོར་གཏོང་བ་དང་། རིག་གནས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ། རིག་གནས་ཀྱི་རང་སྟོབས་མངོན་འགྱུར་བྱེད་ན་ཆེས་གལ་ཆེ་བ་ནི་ཏང་གིས་རིག་གནས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་རྒྱུ་དེ་ཡིན་པ་དང་། ཆེས་རྩ་བ་ནི་མི་དམངས་མང་ཚོགས་ལ་བརྟེན་དགོས་པ་དང་། ཆེས་གནད་འགག་ནི་དོན་དངོས་ནས་མགོ་རྩོམ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བསམ་བློ་དང་ངོས་ཟིན་གཉིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱེད་དགོས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བསམ་བློ་དང་ངོས་ཟིན་གཉིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱེད་པ་དང་། རང་རྟོག་གིས་རིག་གནས་འཛུགས་སྐྲུན་བྱ་བ་དེ་ཕྱོགས་ཡོངས་ཀྱི་བྱ་བའི་ཐད་ཀྱི་གོ་གནས་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་ཞིང་ཆེན་གྱི་ཁྱད་སྟོབས་རིག་གནས་འཕེལ་རྒྱས་སུ་གཏོང་བ་དེ་ས་ཁུལ་རང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཁོག་འཆར་འགོད་དུ་བཞག་སྟེ། ནན་ཏན་གྱིས་རིག་གནས་འཛུགས་སྐྲུན་གྱི་ཡང་དག་པའི་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁུར་དང་། རིག་གནས་འཕེལ་རྒྱས་ཆེན་པོ་གཏོང་བར་གཅིག་གྱུར་མགོ་ཁྲིད་བྱེད་པའི་འགན་འཁུར། རིག་གནས་དར་རྒྱས་ཆེན་པོ་གཏོང་བར་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་རྩ་འཛུགས་འགན་འཁུར་བཅས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་ཇེ་བརྟན་དུ་གཏོང་བ་དང་། རང་རྟོག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། རིག་གནས་འཕེལ་རྒྱས་གཏོང་བ་དེ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། རིག་གནས་འཕེལ་རྒྱས་དེ་མི་དམངས་ལ་བརྟེན་དགོས་པ། རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་བརྩོན་སེམས་དང་རང་རྟོག་རང་བཞིན་ལ་ཁྲིད་སྟོན་བཟང་པོ་དང་སྲུང་སྐྱོབ་བཟང་བོ། འདོན་སྤེལ་བཟང་བོ་བཅས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འཕེལ་རྒྱས་སུ་གཏོང་བའི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་སྲུང་འཛིན་བྱེད་དགོས།

ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རང་ས་གནས་དང་སྡེ་ཁག་གི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་གཏོང་དགོས་པ་དང་། རང་ཉིད་ཀྱི་ཁྱད་ཆོས་དང་ཡུལ་བབ་ལ་བསྟུན་པ་དང་། ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། རིག་གནས་འཛུགས་སྐྲུན་བྱེད་པའི་སྐྱེ་སྟོབས་ཆེན་པོ་ཆགས་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཅི་ཏི་མ་ཅ་ཡིས«རིག་གནས་བཅོས་སྒྱུར་འཕེལ་རྒྱས་སུ་བཏང་ནས་རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར»གསལ་བཤད་བྱས་པ་དང་། ཀྲང་ཅན་མེན་གྱིས«མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིག་གནས་འཕེལ་རྒྱས་ཀྱི་འཆར་འགོད»དང«ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིག་གནས་འཛུགས་སྐྲུན་དང་བཟོ་སྐྲུན་ཆེན་པོ་བརྒྱད་ཀྱི་བསམ་འཆར»«མཚོ་སྔོན་ཞིང་ཆེན་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་སྐོར་གྱི་བསམ་འཆར»བཅས་གསལ་བཤད་བྱས།   །


 

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་བཙུགས་པ་དང་སྟག་འབུམ་ཐར་གྱིས་མཐུན་ཚོགས་དེའི་སྒོ་བྱང་སྟ
  • ལེ་ཚན་རྗེས་མ།:གསེར་དངུལ་ཐང་དུ་མི་རིགས་རིག་གནས་རོལ་མོ་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།