པདྨ་ཚེ་བརྟན་གྱི་གློག་བརྙན«ཁྱི་རྒན»ཞེས་པ་སྐབས་ལྔ་བའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གློག་བརྙན་བྱ་དགའ་ཆེན་མོའི་བརྙན་ཕབ་ཆེས་བཟང་པོའི་བྱ་དགའི་རྗེས་འདེམ་མིང་ཐོའི་གྲས་སུ་ཚུད་པ།

    མཚོ་སྔོན་པོ་དྲ་བ།    2011-11-21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་སྐབས་ལྔ་བའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གློག་བརྙན་བྱ་དགའ་ཆེན་མོའི་དཔྱད་འདེམ་ཚན་ཁག་གིས་ཉིས་སྟོང་བཅུ་གཅིག་ལོའི་བྱ་དགའ་སྣ་སོ་སོའི་རྗེས་འདེམ་མིང་ཐོ་བསྒྲགས་པ་དང་། དེའི་ནང་དུ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན«ཁྱི་རྒན»ཞེས་པ་དེ་བརྙན་ཕབ་ཆེས་བཟང་པོའི་བྱ་དགའི་རྗེས་འདེམ་མིང་ཐོའི་གྲས་སུ་ཚུད་ཡོད་ལ། གློག་བརྙན་དེ་དང་མཉམ་དུ་བརྙན་ཕབ་ཆེས་བཟང་པོའི་བྱ་དགའི་རྗེས་འདེམ་མིང་ཐོའི་གྲས་སུ་ཚུད་ཡོད་པའི་ནང་དུ་ཐུར་ཁེའི་འཁྲབ་ཁྲིད་པ་གྲགས་ཅན་ནུའུ་ལེ་པིས་ཀི་ཞི་ལན་གྱི་གློག་བརྙན་གསར་བ«ཨན་ན་ཐོ་ལེ་ཡའི་འདས་པའི་དོན་དག»ཅེས་པ་དང་། ཡེའོ་ནན་གྱི་འཁྲབ་ཁྲིད་པ་ཁྲིན་དབྱིན་ཞུང་གི་གློག་བརྙན«ནོར་ཝེའི་ནགས་ཚལ»སོགས་གློག་བརྙན་ལྔ་ཡོད། གློག་བརྙན«ཁྱི་རྒན»ཞེས་པའི་བརྙན་ཕབ་པ་ཟོན་ཐར་རྒྱལ་གྱིས་བཤད་རྒྱུར། རང་ཉིད་ཀྱིས་བརྙན་ཕབ་བྱས་པའི་གློག་བརྙན་སྐད་གྲགས་ཅན་གྱི་དགེ་རྒན་ཆེན་པོ་དག་གི་གློག་བརྙན་དང་མཉམ་དུ་བྱ་དགའ་དེའི་རྗེས་འདེམ་མིང་ཐོའི་གྲས་སུ་ཚུད་པར་ང་རང་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཟེར།
  • ལེ་ཚན་སྔོན་མ།:བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་པེ་ཅིན་དུ་བསྩལ་བ།
  • ལེ་ཚན་རྗེས་མ།:བུན་ཅ་པའོ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།