བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་པེ་ཅིན་དུ་བསྩལ་བ།
གངས་སྐྱིད་ཀྱིས་བསྒྱུར། 2011-11-17
ཟླ་བ11པའི་ཚེས10ཉིན་ཉེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྐབས་བདུན་པའི་མཐོ་རམས་པའི་ཡོན་གནས་སྩོལ་བ་དང་དགེ་རྒན་ཆེ་མོ་ཁག་དང་པོར་གདན་ཞུས་ལས་བསྐོས་བྱེད་པའི་མཛད་སྒོ་ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས།ཉིན་6རིང་ཛ་དྲག་ཆེ་བའི་རྟགས་གསལ་གཏོང་བ་དང་།ཆོས་བཤད་པ།དྲི་བ་དྲིས་ལན་འདེབས་པ་བཅས་བྱས་པ་བརྒྱུད་རྒྱུགས་སྤྲོད་དགེ་འདུན་ཕུལ་བྱུང11དང་དགེ་རྒན་ཆེ་མོའི་འོས་མི28ཀྱིས་རྩོད་རྒྱུགས་སྤྲད་པའི་ཚན་པ་ཚང་མ་བདེ་བླག་ངང་གྲོས་འཆམ་བྱུང་ཞིང་སོ་སོར་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་དང་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེ་མོའི་ཐོབ་ཐང་ཐོབ་པ་རེད།གོང་ཚེས་ཉིན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་མཐོ་རམས་པའི་ཡོན་གནས་ཐོབ་མཁན་དང་དགེ་རྒན་ཆེ་མོ་ཁག་དང་པོར་གདན་ཞུས་ལས་བསྐོས་དང་ལེན་བྱེད་མཁན་ཚོས་མཇལ་ཁ་ཞུ་བ་དང་ལེན་གནང་བ་མ་ཟད།དགེ་འདུན་པ་རྣམས་ལ་ཕྱག་དབང་ཡང་གནང་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏུའུ་ཆིང་ལིན་གྱིས་མཐོ་རམས་པའི་ཡོན་གནས་ཐོབ་མཁན་དང་།ནང་བསྟན་སློབ་གླིང་གི་དགེ་རྒན་ཆེ་མོའི་ཐོབ་ཐང་ཐོབ་མཁན།བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་ཀྱི་ཞིབ་དཔྱད་ཨུ་ལྷན་གྱི་གྲུབ་མི་སོགས་ལ་མཇལ་འཕྲད་གནང་བ་དང་མཐོ་རམས་པའི་ཡོན་གནས་ཐོབ་མཁན་ལ་རྒྱལ་གཅེས་དང་།ཁྲིམས་སྲུང་།སྡོམ་པ་འཛིན་པ།དམངས་ལ་ཕན་ཐོགས་པ་བཅས་ཀྱི་ཕུལ་བྱུང་གི་དགེ་འདུན་པ་ཞིག་བྱེད་དགོས་པ་དང་།མ་སྐུལ་དང་བླངས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་འཚོ་སྲུང་བྱས་ཏེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཇགས་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་ཞེས་སྐུལ་མ་གནང་བ།
བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་གནང་བའི་ལམ་ལུགས་ནི2004ལོར་བཙུགས་ཡོད།མིག་སྔར་སླེབས་དུས།དགེ་འདུན་པ77ལ་ཡོན་གནས་དེ་ཐོབ་ཡོད།