མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-11-17
ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྥུན་ཙོ་ཁུའུ་ཡིས་ཤིས་ཚིག་འབུལ་སྐབས། རུ་ཝང་ཏ་དང་ཀྲུང་གོ་གཉིས་ནི་མཛའ་མཐུན་རྒྱལ་ཁབ་ཡིན་ལ། འབྲེལ་བ་བཙུགས་ཏེ་ལོ་བཞི་བཅུ་འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་གོང་དུ་འཕེལ་བ་དང་། སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་སོགས་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་མང་ཡིན་པ་དང་། དཔལ་འབྱོར་ཉོ་ཚོང་དང་། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་རྟག་ཏུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཟེར།
ཀྲུང་གོར་སྡོད་པའི་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཨིན་ཅ་པེ་ཡིས་ཀྲུང་གོ་དང་རུ་ཝང་ཏ་བར་གྱི་མཛའ་མཐུན་འབྲེལ་བར་གདེང་འཇོག་མཐོན་པོ་བྱས་པ་དང་། ཀྲུང་གོ་དང་རུ་ཝང་ཏ་རྒྱལ་ཁབ་ཀྱི་བསྐྱར་བསྐྲུན་དང་རྨང་གཞིའི་སྒྲིག་ཆས། འཕྲོད་བསྟེན། སློབ་གསོ། ཞིང་ལས་བཅས་གོང་དུ་སྤེལ་བ་སོགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱས། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཉིས་བརྒྱ་དང་ལྔ་བཅུ་ཙམ་སྣེ་ལེན་ཚོགས་འདུར་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10