དུས་རབས་སྔོན་མའི་བོད་ཡིག་པར་གཞིའི《གནམ་བདག་ཆོས》བོད་ལྗོངས་སྨར་ཁམས་སུ་བྱུང་བ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2011-11-14

དུས་རབས་སྔོན་མའི་བོད་ཡིག་པར་གཞིའི《གནམ་བདག་ཆོས》བོད་ལྗོངས་སྨར་ཁམས་སུ་བྱུང་བ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་ཁོངས་སུ་ཡོད་པའི་གནམ་བདག་ཆོས་ཁང་དུ་བོད་ཡིག་པར་གཞིའི《གནམ་བདག་ཆོས》དང《ཡུམ་དམ་པའི་རྣམ་ཐར》རེ་རྙེད་བྱུང་།

 བོད་ཡིག་པར་གཞིའི《གནམ་བདག་ཆོས》དེ1931ལོར་འགྱུར་བྱུང་ཞིང་ཁྱོན་བསྡོམས་དེབ45ཡོད་པ་དང་། བོད་ཡིག་པར་གཞིའི《ཡུམ་དམ་པའི་རྣམ་ཐར》དེ་1932ལོར་འགྱུར་བྱུང་ཞིང་ཁྱོན་བསྡོམས་དེབ489ཡོད། དེབ་གཉིས་ནི་སྣུམ་ནག་གིས་དཔར་ཞིང་བདག་ཉར་བྱས་པ་ཅུང་ལེགས་པོ་འདུག སྨར་ཁམས་རྫོང་ཁོངས་ཀྱི་གནམ་བདག་ཆོས་ཁང་ནི་བོད་ལྗོངས་སུ་མངའ་བའི་གནམ་བདག་ཆོས་ཁང་ཁོ་ན་ཡིན་པས། གཞུང་ཕྱོགས་གིས་བོད་ཡིག་པར་གཞིའི《གནམ་བདག་ཆོས》དང《ཡུམ་དམ་པའི་རྣམ་ཐར》གྱི་དེབ་འདི་གཉིས་ཀ་མིག་སྔའི་བར་དུ་བོད་ལྗོངས་ཀྱི་བདག་ཉར་བྱས་པ་ཆ་ཚང་བའི་བོད་ཡིག་པར་གཞིའི་གནམ་བདག་ཆོས་ལུགས་ཀྱི་དཔེ་དེབ་ཅིག་ཡིན་པར་ཁ་ཚོན་བཅད།

 སྨར་ཁམས་རྫོང་ཚྭ་ཁྲོམ་འཇང་རིགས་ཡུལ་ཚོ་ནི་བོད་ལྗོངས་ཀྱི་ཤར་ཕྱོགས་དང་། ཆབ་མདོའི་ཤར་ལྷོའི་ཕྱོགས་ཀྱི་སྨར་ཁམས་རྫོང་དང་འཇོལ་རྫོང་གཉིས་ཀྱི་མཚམས་སུ་གནས་པའི་བོད་ལྗོངས་ཀྱི་འཇང་རིགས་ཡུལ་ཚོ་ཁོ་ན་དང་གནམ་བདག་ཆོས་ཁང་བཞེངས་ཡོད་པའི་ཡུལ་ཁོ་ན་ཡིན་པ་རེད། ཆོས་ཁང་གི་དོ་དམ་པས་ལྟ་ཚུལ་ལྟར་ན་བོད་ཡིག་གི་འགྱུར་དཔེ་འདི་གཉིས་ནི་ཧ་ཅང་དཀོན་པའི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔེ་གཉིས་ཡིན་པར་འདོད། 
 

  • ལེ་ཚན་སྔོན་མ།:གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་སྐབས་དང་པོ་སྤེལ་བ།
  • ལེ་ཚན་རྗེས་མ།:ཆེད་མཁས་པ་དང་ཡོན་ཏན་པ་མང་བོ་མཚོ་སྔོན་དུ་ལྷན་འཛོམས་བྱས་ཏེ་“གཙང་གསུམ་འབྱུང་ཡུལ་གྱི་ཚད་གཞི”ཞེས་པར་ཐབས་ཇ
  • དོ་སྣང་ཆེ་བའི་རྩོམ།