གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་སྐབས་དང་པོ་སྤེལ་བ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2011-11-14

གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་སྐབས་དང་པོ་སྤེལ་བ།
 

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11བའི་ཚེས5ཉིན། གངས་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་སྐབས་དང་པོ་རེབ་གོང་གསེར་མོ་ལྗོངས་སུ་ཚོགས། བགྲོ་གླེང་ཚོགས་འདུའི་སྟེང་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་། དབྱངས་རྩོམ་པ་པོ་འཇམ་བྷེ། ཚེ་རིང་པ་སངས། ཚིག་རྩོམ་པ་པོ་འབྲུག་ལྷ་རྒྱལ། བཀྲ་ཤིས་རྡོ་རྗེ། རོལ་མོ་བ་ཨ་ཏི་དང་ཁོ་བསྟན། རྡུང་ལེན་པ་གྲགས་ཅན་དཔལ་མགོན། རྨ་ཆུའི་བསམ་གཏན། གླུ་བ་སྒྲོལ་མ་སྐྱབས་དང་སྒྲོལ་བྷེ། རིག་འཛིན་སྒྲོལ་མ་སོགས་ཞུགས་ཡོད་ཅིང་། བོད་ཀྱི་སྙན་ངག་པ་ཁྱུང་ཐར་རྒྱལ་དང་དགའ་བདེ་ཚེ་རིང་སོགས་མི20ལྷག་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།

ཚོགས་འདུའི་སྟེང་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་གཙོས་པའི་སྒྱུ་རྩལ་པ་དང་གླུ་བ་དག་གིས་ཕ་སྐད་སྲུང་འཛིན་དང་སྒྱུ་རྩལ་པའི་འགན་འཁྲི་སོགས་ལས་འཕྲོས་ཏེ་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་གཞས་གདངས་དང་གླུ་ཚིག གར་ཉམས་སོགས་ཀྱི་རྒྱུན་འཛིན་དང་དར་སྤེལ་སྐོར་ལ་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་པ་རེད། 


 

  • ལེ་ཚན་སྔོན་མ།:མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཉིས་སྟོང་བཅུ་གཉིས་ལོའི་བོད་ཆུ་ཕོ་འབྲུག་ལོའི་ན་ཆུང་བྱིས་པའི་ལོ་ས
  • ལེ་ཚན་རྗེས་མ།:དུས་རབས་སྔོན་མའི་བོད་ཡིག་པར་གཞིའི《གནམ་བདག་ཆོས》བོད་ལྗོངས་སྨར་ཁམས་སུ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།