《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཞིན་ཧྭ་དྲ་བ།    2011-11-09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བཞིན་པ་དང་།  2015ལོར་དངོས་སུ་པར་སྐྲུན་བྱེད་རྒྱུ་རེད། 

ཐེངས་གཉིས་པའི《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བའི་གྲོས་ཚོགས་ཚེས5ཉིན་པེ་ཅིན་ནས་བསྡུས་ཤིང་།  སྐབས་བཅུ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡུས་གྲོས་ཚོགས་སྟེང་ཞུགས། 

《བོད་ཡིག་ཚིག་མཛོད་ཆེན་མོ》ནི་མི་རིགས་པར་སྐྲུན་ཁང་གིས་སྒྲུབ་འགན་ཁུར་བའི་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་རྣམ་གྲངས་ཤིག་ཡིན་ལ།  2007ལོར་དངོས་སུ་རྩོམ་སྒྲིག་བྱེད་འགོ་བརྩམས།  ཚིག་སྦྱོར་དང་ཤེས་བྱ་ཀུན་འདུས་ཀྱི་ཕྱོགས་བསྡུས་ཚིག་མཛོད་ཞིག་རེད།  རྒྱལ་ཁབ་རིམ་པའི་པར་སྐྲུན་རྣམ་གྲངས་ཤིག་ཡིན་པའི་ཆ་ནས།  《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་དང་པར་སྐྲུན་བྱས་པ་ནི་ཀྲུང་གོའོ་རིགས་སོ་སོའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ནུས་པ་གང་ལེགས་འདོན་པ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། 

 《བོད་ཡིག་ཚིག་མཛོད་ཆེན་མོ》བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལྟར་དེབ30རུ་བགོས་ཡོད་པ་དང་།  དེའི་ནང་སྲོལ་རྒྱུན་གྱི་རིག་གནས་ལྟར་བཟོ་ལས་སྒྱུ་རྩལ་རིག་པ་དང་། གསོ་བ་རིག་པ།  རོལ་མོ་རིག་པ།  ནང་བསྟན་རིག་པ།  ཚིག་རྒྱན་རིག་པ།  ཚིག་སྦྱོར་རིག་པ།  ཟློས་གར་རིག་པ།  སྐར་རྩིས་རིག་པ།  ཐུ་བྷོད་ཀྱི་གནའ་ཡིག  བོན་ཆོས།  ཞང་ཞུང་རིག་གནས་སོགས་སྣ13འདུས།  དེང་རབས་ཀྱི་རིག་གནས་ལྟར་ཆབ་སྲིད་རིག་པ་དང་དམག་དོན་རིག་པ།  ཚད་མ།  བཅའ་ཁྲིམས་རིག་པ།  དཔལ་འབྱོར་རིག་པ། བཟོ་ལས།  ཞིང་ཕྱུགས་ལས།  ཡིག་ཚགས།  བརྡ་སྤྲོད་རིག་པ།  ས་རྒྱུས་རིག་པ།  སྐྱེ་ཁམས།  གསོ་བ་རིག་པ།  བརྡ་འཕྲིན་ལག་རྩལ་སོགས་སྣ17འདུས།  །  

  • ལེ་ཚན་སྔོན་མ།:པེ་ཅིན་མཁའ་སྐྱོད་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མས་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་སྤེལ་བ།
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་ཐེ་ཝན་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།