པེ་ཅིན་མཁའ་སྐྱོད་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མས་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2011-11-09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས5ཉིན།  པེ་ཅིན་མཁའ་སྐྱོད་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་རྣམས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་རིག་གནས་དུས་ཆེན་པེ་ཅིན་མཁའ་སྐྱོད་སློབ་གྲྭ་ཆེན་མོའི་སློབ་རའི་ནང་སྤེལ།  ཐེངས་འདིའི་བོད་ཀྱི་རིག་གནས་དུས་ཆེན་སྟེང་ཁྱད་ལྡན་ཟས་རིགས་ལོངས་སྤྱོད་དང་དངོས་རྫས་འགྲེམ་སྟོན།  བོད་ཀྱི་རིག་གནས་མཚམས་སྦྱོར།  སྐོར་བྲོ་འཁྲབ་པ།  བོད་ཀྱི་ཞབས་བྲོ་འཁྲབ་སྟོན་སོགས་རྣམ་པ་སྤྱད་དེ་སློབ་གྲྭ་ཆེན་མོ་བ་རྣམས་དངོས་སུ་བོད་ཀྱི་རིག་གནས་བོད་ཀྱི་ཡུལ་སྲོལ་ཉམས་སུ་མྱོང་བ་རེད། 
  • ལེ་ཚན་སྔོན་མ།:བོད་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་སྲིད་ཇུས་གསར་བ་བཅུ་བཞི་ལག་བསྟར་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།