ཅ་ཆིན་ལིན་གྱིས་ཐེ་ཝན་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

གཡང་འབུམ་རྒྱལ།    མཚོ་སྔོན་རླུང་འཕྲིན་དྲ་བ།    2011-11-09

ཅ་ཆིན་ལིན་གྱིས་ཐེ་ཝན་བཟོ་ཚོང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།
 

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་པེ་ཅིན་ནས་པེ་ཅིན་དང་ཐེ་ཝན་གྱི་ཚན་རྩལ་གླེང་སྟེགས་སྐབས་བཅུ་བཞི་བ་དང་ཉིས་སྟོང་བཅུ་གཅིག་ལོའི་པེ་ཅིན་དང་ཐེ་ཝན་གྱི་ཐོན་རྫས་གྲགས་ཅན་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་པེ་ཅིན་ནས་པེ་ཅིན་དང་ཐེ་ཝན་གྱི་ཚན་རྩལ་གླེང་སྟེགས་སྐབས་བཅུ་བཞི་བ་དང་ཉིས་སྟོང་བཅུ་གཅིག་ལོའི་པེ་ཅིན་དང་ཐེ་ཝན་གྱི་ཐོན་རྫས་གྲགས་ཅན་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་། ཅ་ཆིན་ལིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་འབད་བརྩོན་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་པའི་ཐུགས་རེ་བཏོན།

ཅ་ཆིན་ལིན་གྱིས་ཐེངས་འདིའི་གླེང་སྟེགས་དང་འགྲེམ་སྟོན་ཚོགས་འདུ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད་སྐབས་རིམ་བྱུང་གི་གླེང་སྟེགས་ཁྲོད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།

ཅ་ཆིན་ལིན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱིས་དཔལ་འབྱོར་བརྗེ་རེས་དང་མཉམ་ལས་བྱེད་པ་ནི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་རེ་འདུན་ཡིན་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དཔལ་འབྱོར་རྨང་གཞི་དང་ནུས་ལྡན་བྱེད་ཐབས་ཀྱང་ཡིན། ཉིས་སྟོང་བརྒྱད་ལོའི་ཟླ་ལྔ་བ་ནས་བཟུང་། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་བཏང་བ་ནས་བཟུང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྣམ་པ་གསར་བ་མངོན་ཡོད་ཟེར། 

 ཅ་ཆིན་ལིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་བདེ་བླག་ངང་སྤེལ་དགོས་པ་དང་ལྷག་པར་དུ་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དེ་ལམ་ལུགས་ཅན་དང་སྒྲིག་གཞི་ཅན་དུ་གཏོང་དགོས་ན་མཚོ་འགག་འགྲམ་གཉིས་ཀྱི་བར་དུ་ངེས་པར་དུ་འབྲེལ་བ་བཟང་བོ་ཞིག་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས།


 

  • ལེ་ཚན་སྔོན་མ།:《བོད་ཡིག་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:མདོ་སྨད་སོག་རྫོང་ནས་རྙེད་པའི་བོན་གྱི་དཔེ་རྙིང་སྐོར་ཞིག
  • དོ་སྣང་ཆེ་བའི་རྩོམ།