སྐབས་དང་པོའི་བོད་གཞས་བགྲོ་གླེང་ཚོགས་འདུ།

ཟླ་བཟང་སྒྲོལ་མ།        2011-11-08

གངས་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་བོད་གཞས་བགྲོ་གླེང་ཚོགས་འདུ་མི་འགྱིངས་བར་མཚོ་སྔོན་རྨ་ལྷོ་ཁུལ་ནས་འཚོགས་རྒྱུ་ཡིན་ལ། ཚོགས་འདུའི་སྟེང་བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་དབྱངས་རྩོམ་པ་པོ་འཇམ་བྷེ།  ཚེ་རིང་པ་སངས། ཚིག་རྩོམ་པ་པོ་འབྲུག་ལྷ་རྒྱལ། རོལ་མོ་བ་ཨ་ཏི་འཆི་མེད་ཚེ་རིང་། རྡུང་ལེན་པ་གྲགས་ཅན་དཔལ་མགོན་དང་བདུད་བྷེ། གླུ་བ་སྒྲོལ་མ་སྐྱབས་དང་གླུ་མ་སྒྲོན་བྷེ་སོགས་ཀྱང་གདན་འདྲེན་བྱས་ཡོད་པས་རོལ་མོ་ལ་དུངས་བ་ཟབ་པའི་གླུ་བ་གླུ་མ་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་ནས་དགོས་ཡོད་ཀྱི་ཉམས་མྱོང་རེ་འཚོལ་སྡུད་བྱས་ན་ཧ་ཅང་ཕུན་སུམ་ཚོགས་པའི་ཡན་ལག་རེད་སྙམ།
  • ལེ་ཚན་སྔོན་མ།:ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ལག་ལེན་རྟེན་གཞི་མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་དུ་བཙུགས་པ།
  • ལེ་ཚན་རྗེས་མ།:བོད་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་སྲིད་ཇུས་གསར་བ་བཅུ་བཞི་ལག་བསྟར་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།