ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ལག་ལེན་རྟེན་གཞི་མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་དུ་བཙུགས་པ།

བཀྲ་ཤིས་འབུམ    མཚོ་སྔོན་ཉིན་རེའི་ཚགས་པར།    2011-11-08

གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་གནས་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། ཉེ་ལམ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གནས་སྐོར་ལོ་རྒྱུས་སློབ་གླིང་གཉིས་ཀྱིས་ཁྲི་ཀ་རྫོང་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ལག་ལེན་རྟེན་གཞི་འཛུགས་པའི་གྲོས་མཐུན་བཀོད། གྲོས་མཐུན་དེ་བཀོད་རྗེས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་ཁྲི་ཀ་རྫོང་གནས་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁྲི་ཀ་རྫོང་གནས་སྐོར་ཅུའུ་གཉིས་ཀ་སློབ་གྲྭ་རང་གི་གནས་སྐོར་ལོ་རྒྱུས་སློབ་གླིང་གི་སློབ་མའི་ལག་ལེན་རྟེན་གཞི་བྱེད་རྒྱུ་ཡིན་པར་མ་ཟད། སློབ་མ་རྩ་འཛུགས་བྱས་ཏེ་སློབ་ཁྲིད་ལག་ལེན་རྟེན་གཞི་ལ་མངགས་ནས་སློབ་སྦྱོང་དང་ལག་ལེན་བྱེད་དུ་འཇུག་རྒྱུ་དང་། ཁྲི་ཀ་རྫོང་གནས་སྐོར་སྡེ་ཁག་གིས་རིན་མི་ལེན་པར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མར་སློབ་ཁྲིད་ལག་ལེན་དང་ལས་ཞུགས་མཛུབ་སྟོན་སོགས་ཀྱི་ཞབས་ཕྱི་མཁོ་སྤྲོད་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིན་ནས་སྤེལ་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་བོད་གཞས་བགྲོ་གླེང་ཚོགས་འདུ།
  • དོ་སྣང་ཆེ་བའི་རྩོམ།