སློབ་གསོ་པུའུ་ཡིས་སློབ་གྲྭས་བྱེད་ཐབས་གང་རུང་སྤྱད་དེ་སློབ་མར“དྲག་ཞན”གྱི་དབྱེ་བ་འབྱེད་མི་ཆོག་ཅེས་བརྗོད་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ    2011-10-25

 སློབ་གསོ་པུའི་འབྲེལ་ཡོད་འགན་ཁུར་བས་ཚེས21ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སློབ་གྲྭས་བྱེད་ཐབས་གང་རུང་སྤྱད་དེ་ན་སོ་དར་ལ་མ་བབས་པའི་སློབ་མར་དྲག་གྲས་དང་ཞན་གྲས་ཀྱི་དབྱེ་བ་འབྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ཞེས་བརྗོད་པ་རེད།

འགན་ཁུར་བ་དེས་ཉེ་ཆར་ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་ཝེ་དབྱང་ཁུལ་གྱི་ཚོད་ལྟའི་སློབ་ཆུང་དང་པོས་སློབ་ཆུང་སློབ་མ་ཁག་ཅིག་ལ“སྐེ་དར་ལྗང་ཁུ”བཏགས་པའི་གནས་ཚུལ་ལས་སྤྱི་ཚོགས་ཀྱི་དོ་སྣང་ཆེན་པོ་བྱུང་ཡོད།ཧྲའན་ཤིས་ཞིང་ཆེན་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། ཤེས་རྟོགས་རགས་ཙམ་བྱས་པ་བརྒྱུད་གནས་ཚུལ་དེ་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་མིན་པ་དང་ཝེ་དབྱང་ཁུལ་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་དང་དེ་བཞིན་ཁུལ་སློབ་གསོ་གཙོ་གཉེར་སྡེ་ཚན་གྱིས་གནས་ཚུལ་ཤེས་རྟོགས་བྱས་རྗེས་འཕྲལ་དུ་བྱེད་ཐབས་དེ་རིགས་མཚམས་འཇོག་བྱེད་དུ་བཅུག་པ་དང་འབྲེལ“སྐེ་དར་ལྗང་ཁུ”ཚང་མ་ཚུར་བསྡུའང་བྱས་ཏེ་སློབ་གྲྭར་ཆེད་དོན་ཁྱིམ་བདག་ཚོགས་འདུ་འཚོགས་ནས་ཁྱིམ་བདག་ཚོར་གསལ་བཤད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔར་བྱེད་སྒོ་དེ་མཚམས་བཞག་ཡོད་པ་དང“སྐེ་དར་ལྗང་ཁུ”ཚང་མ་ཚུར་བསྡུས་ཟིན་ཡོད།ཧྲའན་ཤིས་ཞིང་ཆེན་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་སུ་ལོ་ཆུང་གདོང་ལེན་རུ་ཁག་གི་མཚོན་བྱེད་དང་མཚོན་རྟགས་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།

འགན་ཁུར་བ་དེས་ང་ཚོས་རིམ་ཁག་དང་རིགས་ཁག་གི་སློབ་གྲྭར་སློབ་མ་ཡོངས་ལ་ཕྱོགས་ནས་སློབ་མ་འཚར་ལོངས་ཀྱི་ཆོས་ཉིད་དང་སློབ་གསོའི་ཆོས་ཉིད་དང་འཚམ་པའི་བྱེད་ཐབས་ཡང་དག་པའི་སྒོ་ནས་སློབ་མར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དང་སློབ་མ་ཡོངས་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་སློབ་མའི་ཁྱོན་ཡོངས་འཕེལ་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་མ་གཏོང་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་ཅེས་ནན་བཤད་བྱས་ཡོད།  །

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་འཐུས་མི་ཚོགས་པས་ཨ་རིར་འཚམས་འདྲི་བྱས་པ།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཐོ་རིམ་གླེང་སྟེགས་ཀླུ་ནང་གྲོང་རྡལ་དུ་འཚོགས་པ་རེད།
  • དོ་སྣང་ཆེ་བའི་རྩོམ།