ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་འཐུས་མི་ཚོགས་པས་ཨ་རིར་འཚམས་འདྲི་བྱས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2011-10-25

ཚེས19ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་འཐུས་མི་ཚོགས་པས་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ལ་འཚམས་འདྲི་ཞུས་ཏེ་ཨ་རིའི་ཆབ་སྲིད་དང་། གསར་འགྱུར། རིག་གཞུང་བཅས་ལས་རིགས་དང་སྤེལ་རེས་བྱས་པ་དང་བོད་ཀྱི་ད་ཡོད་གནས་ཚུལ་དང་ལྷག་དོན་དུ་སྤྱི་ཚོགས་རིག་གནས་ཐད་ཀྱི་འཕེལ་རིམ་ངོ་སྤྲོད་བྱས་ཏེ་ཨ་རིའི་ལས་རིགས་ཁག་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱ་ཤུགས་ཆེ་རུ་བཏང་ཡོད།

འཐུས་མི་ཚོགས་པས་ཉིན་དེར་ཨ་རིའི་རྒྱལ་ཚོགས་ཀྱི་ཞིབ་འཇུག་པུའུ་དང《ཧྭར་ཅེ་ཉིན་རེའི་ཚགས་པར》གྱི་ཝ་ཧྲིང་ཐོན་ཡན་ལག་ཁང་ལ་འཚམས་འདྲི་ཞུས་ཏེ་རྒྱལ་ཚོགས་ཀྱི་རིགས་གཅིག་མཁས་ཅན་དང་ཚགས་པར་གྱི་གསར་འགོད་པ་དང་རྩོམ་སྒྲིག་པ་དང་སྤེལ་རེས་བྱས་ཏེ་ཨ་རིའི་ཕྱོགས་ཀྱི་མི་སྣས་བོད་ཀྱི་སྤྱི་ཚོགས་དང་། རིག་གནས། དཔལ་འབྱོར་ཐད་བཏོན་པའི་གནད་དོན་ལ་ལན་བཏབ་ཡོད།《ཧྭར་ཅེ་ཉིན་རེའི་ཚགས་པར》གྱི་གསར་འགོད་པ་དང་རྩོམ་སྒྲིག་པ་དང་སྤེལ་རེས་བྱེད་རིང་འཐུས་མི་ཚོགས་པའི་ཚོགས་གཙོ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པི་ཧྭ་དང་། བོད་རིག་པ་མཁས་ཅན་འབུམ་རམས་པ་བསྟན་འཛིན་ལྷུན་གྲུབ། པཎ་ཆེན་གྱི་རི་མོའི་དགེ་རྒན་ཆེ་མོ་ཉི་མ་ཚེ་རིང་། བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ནས་ཡོང་བའི་གྲོང་ཚོའི་ལས་བྱེད་པ་ཨ་ནུའུ་བཅས་ཀྱིས་རང་སོ་སོའི་མྱོང་ཚོར་དངོས་དང་ཤེས་ཚོར་དངོས་དང་ལོ་མང་རིང་གི་ཞིབ་འཇུག་དང་ཟུར་ཚད་མང་པོའི་ཐད་ནས་དེང་སྐབས་ཀྱི་སྤྱི་ཚོགས་དང་། རིག་གནས། ཆོས་ལུགས།དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:སྐབས་བདུན་པའི་གཏན་ཚིགས་རིག་པའི་ཞིབ་འཇུག་དང་གྲོས་བསྡུར་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་སློབ་གྲྭས་བྱེད་ཐབས་གང་རུང་སྤྱད་དེ་སློབ་མར“དྲག་ཞན”གྱི་དབྱེ་བ་འབྱེད་མི་ཆོག་ཅེས་བརྗོད
  • དོ་སྣང་ཆེ་བའི་རྩོམ།