།སྐབས་བདུན་པའི་གཏན་ཚིགས་རིག་པའི་ཞིབ་འཇུག་དང་གྲོས་བསྡུར་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།

བཀྲ་ཤིས།        2011-10-24

ཉེ་ལམ་ལ་སྐབས་བདུན་པའི་གཏན་ཚིགས་རིག་པའི་ཞིབ་འཇུག་དང་གྲོས་བསྡུར་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་གླིང་དུ་འཚོགས་པ་རེད།ཀྲུང་གོའི་མི་དམངས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན།བོད་ལྗོངས་སློབ་ཆེན།མཚོ་སྔོན་སློབ་ཆེན།སི་ཁྲོན་མི་རིགས་སློབ་གླིང་ནས་ཕེབས་པའི་གཏན་ཚིགས་རིག་པར་ཆེད་མཁས་པ་རྣམས་ཚོགས་འདུར་ཞུགས།ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཧྲ་མ་ལ་ཡིས་མདོ་འཛིན་གནང་།ཏང་ཨུའུ་ཧྲུའུ་ཅི་ནོར་བུ་རྒྱལ་མཚན་གྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གཏན་ཚིགས་རིག་པ་སློབ་ཁྲིད་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།མཛད་སྒོའི་མཇུག་སྒྲིལ་རྗེས་ཆེད་མཁས་པ་རྣམས་ཀྱིས་གཏན་ཚིགས་རིག་པའི་གནས་བབ་དང་སློབ་ཆེན་སློབ་ཁྲིད་དུ་གཏན་ཚིགས་རིག་པའི་ཁྲིད་ཐབས་བཅས་ལ་གྲོས་བསྡུར་གནང་བ་རེད།
 
  • ལེ་ཚན་སྔོན་མ།:སོག་ཡིག་གི《བཀའ་བསྟན་འགྱུར》པར་ལེན་ཞུ་དག་བྱས་ནས་མིག་སྔར་པོད60པར་སྐྲུན་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་འཐུས་མི་ཚོགས་པས་ཨ་རིར་འཚམས་འདྲི་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།