ཞི་ཅིན་ཕེན་གྱིས་ཨུ་རུ་སི་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-29

ཞི་ཅིན་ཕེན་གྱིས་ཨུ་རུ་སི་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིག་ཅ་ནོ་ཧྥུའུ་ཡིས་ཁྲིད་པའི་ཨུ་རུ་སི་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིག་ཅ་ནོ་ཧྥུའུ་ཡིས་ཁྲིད་པའི་ཨུ་རུ་སི་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་བཟང་བ་དང་། བདག་གིས་ཙུང་ཐུང་ཕུའུ་ཅིན་དང་འབྲེལ་འདྲིས་དམ་པོ་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་དང་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱས་པ་དང་། དེང་སྐབས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་རེ་བ་ནི་ང་ཚོས་ཏང་གཉིས་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱུ་དེ་ཡིན། ང་ཚོས་ཨུ་རུ་སི་གུང་ཁྲན་ཏང་བར་གྱི་མི་སྣའི་འགྲོ་འོང་དང་ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨུ་རུ་སི་བར་གྱི་མཛའ་མཐུན་མཉམ་ལས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཅིག་ཅ་ནོ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ཞིང་ཨུ་རུ་སིའི་ལས་རིགས་སོ་སོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་དང་ཉམས་མྱོང་མཚམས་སྦྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།  ། 

  • ལེ་ཚན་སྔོན་མ།:ཀྲེན་ཀྲོའུ་ནས་ལྷ་སར་ཐད་ཀར་འཕུར་བའི་མཁའ་ལམ་ཟླ་རྗེས་མར་ཤར་གཏོང་ཐུབ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་མཇུག་བསྡུས།
  • དོ་སྣང་ཆེ་བའི་རྩོམ།