ཞིན་ཧྭ་གསར་འགྱུར་ཁང་ཀོན་དབྱང་ནས་ཟླ9པའི་ཚེས18ཉིན་འབྱོར་བའི་གློག་འཕྲིན།སྐབས་དགུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་གྲོན་ཚོགས་གོང་ཚེས་ཉིན་གྱི་དགོང་མོར་ཀུའེ་དབྱང་དུ་ལེགས་འགྲུབ་ངང་མཇུག་སྒྲིལ་བ།ཚོགས་ཆེན་ཐོག་འཐུས་མི་ཚོགས་པ34ལ“ལུས་རྩལ་ཀུན་སྤྱོད་ཀྱི་གོམ་སྲོལ་བྱ་དགའ”གནང་ཡོད།
སྐབས་དགུ་པའི་མི་རིགས་ལུས་རྩལ་འགྲན་ཚོགས་དེ་འགྲན་བསྡུར་གྱི་རྣམ་གྲངས་ཡིན་ནའང་འདྲ།འཁྲབ་སྟོན་གྱི་རྣམ་གྲངས་དང་འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པ་ཡིན་ནའང་འདྲ་ཚང་མ་ཡང་བསྐྱར་དུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།གྲངས་ཉུང་མི་རིགས55ནས་ཡོང་བའི་ལུས་རྩལ་པ6773གྱིས་མཉམ་དུ་འགྲན་རྩད་བྱས་ཡོད།སྨྱུག་གྲུའི་ཐོག་བསྡད་དེ་འགྲན་བསྡུར་བྱེད་པ་དང་ཤེད་རྩད་བྱེད་པ་སོགས་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་འགྲན་བསྡུར་གྱི་རྣམ་གྲངས16ལ་ཁྱོན་བསྡོམས་ཨང་དང་པོའི་བྱ་དགའ129ཐོན་ཡོད་ཅིང་།འཁྲབ་སྟོན་གྱི་རྣམ་གྲངས185ལ་ཨང་དང་པོའི་བྱ་དགའ་74ཐོན་ཡོད།ལུས་རྩལ་གྲོན་ཚོགས་འཚོགས་ཚུན་དུ་མི་རིགས་སོ་སོའི་གཅེན་གཅུང་མིང་སྲིང་གིས་མཛའ་མཐུན་གྱིས་རྩལ་འགྲན་བྱས་ཤིང་།སྤྲོ་གསེང་འཁོལ་བའི་རྣམ་པའི་ནང་སྤེལ་རེས་བྱས་ནས་འདྲ་མཉམ་དང་།མཐུན་སྒྲིལ།ཕན་ཚུལ་རོགས་རམ།འཆམ་མཐུན་བཅས་ཀྱི་མི་རིགས་མདུན་སྐྱོད་ཀྱི་གླུ་དབྱངས་ཞེས་དཀྲོལ་ཡོད།སྐབས་བཅུ་པའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་དེ2015ལོར་ནང་སོག་རང་སྐྱོང་ལྗོངས་སུ་འཚོག་རྒྱུ་རེད།