ཧུའུ་ཅི་ཐའོ་ཡིས་སྐབས་དང་པོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནགས(2)

(གངས་སྐྱིད་ཀྱིས་བསྒྱུར།)        2011-09-13

གཅིག་ནི་ནགས་ལས་བསྐྲུན་པར་ཤུགས་སྣོན་བརྒྱབ་ནས་ནགས་ལས་འཕེལ་རྒྱས་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱི་ཁོག་གི་འཆར་འགོད་ནང་བཞག་ནས་ནགས་ལས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་།  ནགས་ལས་ཐོན་ཁུངས་ཀྱི་གྲངས་ཚད་དང་སྤུད་ཚད་མཐོ་རུ་གཏོང་དགོས་པ།  ཐོན་ཁུངས་སྒྲིག་སྦྱོར་བྱ་རྒྱུ་ལེགས་སྒྲིག་བྱེད་དགོས་པ།  ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་མངོན་གསལ་དུ་འཛུགས་སྐྲུན་བྱེད་དགོས་པ།    གཉིས་ནི་ནགས་ཚན་གྱི་ཕན་ནུས་སྣ་ཚོགས་འདོན་སྤེལ་བྱེད་དགོས་པ་དང་།  འཕེལ་རྒྱས་དང་སྲུང་སྐྱོང་བྱ་རྒྱུ་བར་དང་།  ཐོན་ལས་དང་སྐྱེ་ཁམས་བར་གྱི་འབྲེལ་བ་ཐག་གཅོད་འོས་པ་བྱེད་དགོས་པ།  ནགས་ཚལ་གྱི་དཔལ་འབྱོར་དང་།  སྤྱི་ཚོགས།  སྐྱེ་ཁམས།  རིག་གནས་སོགས་ཀྱི་ཐད་ལྡན་པའི་ཕན་ནུས་སྣ་ཚོགས་འདོན་སྤེལ་གང་ལེགས་བྱེད་དགོས་པ།  ནགས་ཚལ་གྱི་ཐཱན་གྱི་འཇིབ་ཚད་མང་དུ་བཏང་ནས་ས་ཁོངས་དང་འཛམ་གླིང་གི་སྐྱེ་དངོས་ཉེན་མེད་ཡོང་བར་འཚོ་སྲུང་བྱེད་དགོས་པ།  གསུམ་ནི་ས་ཁུངས་བར་མཉམ་ལས་བྱ་རྒྱུ་ཇེ་ཟབ་ཏུ་གཏོང་དགོས་པ་དང་།  འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལྟར་འཛམ་གླིང་ཡོངས་ཀྱི་ནགས་ཚལ་སྐོར་གྱི་གནད་དོན་གྲོས་བསྡུར་དང་ཁ་བརྡ་བྱེད་པར་ཞུགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།
     རྟིང་མར་ཧུའུ་ཅི་ཐའོ་ཡིས་ནན་གསུང་གནང་དོན།  ཀྲུང་གོས་ཟམ་མི་ཆད་པར་ནགས་ལས་འཕེལ་རྒྱས་མགྱོ གས་པོ་བཏང་ནས2020ལོར་སླེབས་དུས་ནགས་ཚལ་གྱི་ཁེབས་ཚད་དེ2005ལོ་ནས་སྤྱི་ཆིང་ཁྲི4000འཕར་སྣོན་ཡོང་གང་ཐུབ་བྱ་རྒྱུ་དང་།  ནགས་ཚལ་གྱི་གསོག་ཚད་དེ2005ལོ་ལས་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར13འཕར་སྣོན་ཡོང་གང་ཐུབ་བྱས་ནས་ལྷོད་མེད་འཕར་སྣོན་ཡོང་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱས་བརྗེ་གསར་པ་གཞག་གང་ཐུབ་བྱ་རྒྱུ་ཡིན།
       ཡར་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲུབ་མི་རྒྱལ་ཁབ21གི་འཐུས་མི་ཚོགས་པ་དང་།  ཡར་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁྲུའུ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་ཞིང་ལས་རྩ་འཛུགས་།  མཉམ་འབྲེལ་རྒྱལ་ཚོགས་ནགས་ཚལ་གླིང་སྟེགས་སོགས་རྒྱལ་སྤྱི་རྩ་འཛུགས་ཀྱི་འཐུས་མི་དང་རང་རྒྱལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པ་རྣམས་གྲོས་ཚོགས་ནང་ཞུགས་ཡོད། 
  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་རྩ་བའི་སྨན་བཅོས་འགན་སྲུང་དེ་མི་དུང་ཕྱུར12ལྷག་ལ་ཁེབས་ཡོད།
  • ལེ་ཚན་རྗེས་མ།:ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་རྒྱལ་གྱིས་ཞིང་པར་ཁ་གསབ་རོགས་དངུལ་སྤྲོད་ཚད་མཐོ་རུ་གཏོང་རྒྱུ་ཡ
  • དོ་སྣང་ཆེ་བའི་རྩོམ།