རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་མཐོ་རིམ་གླེང་སྟེགས་ཚོགས་འདུ་ཟི་ལིང་ནས་ཚོགས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་སློབ་ཚོགས་ཀྱིས་གཙོ་བསྒྲུབས་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་གཙོ་འགན་ཁུར་ནས་བསྒྲུབས་པའི་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་མཐོ་རིམ་གླེང་སྟེགས་ཚོགས་འདུ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས།

    རེབ་འདིའི་མཐོ་རིམ་གླེང་སྟེགས་ནི་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་ལས་རིགས་བར་ཕན་ཚུན་བརྗེ་རེས་ཞིབ་བསྡུར་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་གླེང་བའི་སྟེགས་བུ་གལ་ཆེན་ཞིག་རེད། དུས་ཡུན་ཉིན་གཉིས་རིང་གི་གླེང་སྟེགས་ཚོགས་ཐོག་ནས་ཤེས་ཡོན་པ་མང་པོ་དང་སློབ་གསོའི་སྲིད་འཛིན་དོ་དམ་སྡེ་ཁག་གི་མགོ་ཁྲིད་པ་རྣམས་ལྷན་དུ་འཛོམས་ནས། བོད་རྒྱ་སྐད་གཉིས་སློབ་ཁྲིད་དེ་གཙོར་བཟུང་ཞིང་། རང་རྒྱལ་གྱི་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་དང་ཟུང་དུ་སྦྲེལ་བ་དང་། རྣམ་པ་མང་བོའི་ཐད་ནས་གནས་བབ་གསར་བའི་འོག་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་རིགས་གཞུང་གཏིང་ཟབ་མོ་དང་ལག་ལེན་གནད་དོན་ལ་ཞིབ་བསྡུར་བྱས་པ་དང་། ཚན་རིག་ལྟར་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པར་གྲོས་གཞི་བཏོན་ཞིང་། བོད་རྒྱ་སྐད་གཉིས་སློབ་ཁྲིད་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཉམས་མྱོང་དང་ཕན་འབྲས་ལ་སྔར་ལས་སྤྱི་བསྡོམས་དང་བརྗེ་རེས། ཡར་སྐུལ་བཅས་བྱས་ནས། མཉམ་དུ་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་གསོ་སྦྱོང་དང་སྐྱེད་སྲིང་བྱེད་པའི་རྟེན་གཞི་འཛུགས་སྐྲུན་དང་རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་བཅོས་སྒྱུར་བྱ་བར་ཡར་སྐུལ་བྱེད་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གསོ་སྦྱོང་བྱེད་པའི་བྱང་ཚད་ཇེ་མཐོར་བཏང་ནས། དུས་སྐབས་གསར་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་དང་མཐུན་དགོས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་ཕན་འབྲས་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་ཡར་སྐུལ་བྱེད་དགོས།

   བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་ཐད་ལ་ཞིབ་བསྡུར་བྱས་ནས། བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་། བོད་ཁུལ་གྱི་རིག་གནས་སློབ་གསོའི་ལས་དོན་འཕེལ་རྒྱས་དང་གསར་སྐྲུན་བྱེད་པར་ཡར་སྐུལ་བྱེད་པ་དེ་ནི། རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་ཡར་སྐུལ་བྱས་ནས། བོད་ཁུལ་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་རྒྱ་གར་མི་དམངས་ཁང་གི་གྲོས་དཔོན་མཱ་ཧ་ཀྲན་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།: ལི་ཁེ་ཆང་གིས་རྣམ་པ་གསར་པའི་གྲོང་རྡལ་ཅན་སྐྲུན་པའི་ཚོད་ལྟ་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཐོག་གསུངས་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།