མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-09-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་དྷེ་ལི་གསར་བ་ནས་རྒྱ་གར་མི་དམངས་ཁང་གི་གྲོས་དཔོན་མཱ་ཧ་ཀྲན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གྲོས་དཔོན་མཱ་ཧ་ཀྲན་ནི་རྒྱ་གར་མི་དམངས་ཏང་གི་མགོ་ཁྲིད་པ་རྒན་པ་ཞིག་རེད། དུས་རབས་འདིའི་དུས་མགོར་རྒྱ་གར་མི་དམངས་ཏང་སྲིད་གཞུང་གིས་སྲིད་འཛིན་བྱེད་པའི་སྐབས་སུ། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ཡོད། ཀྲུང་གོ་དང་རྒྱ་གར་གཉིས་དེང་སྐབས་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་གཉིས་དང་གསར་དར་ཚོང་རའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། འཕེལ་རྒྱས་ཀྱི་དམིགས་འབེན་དང་འཕེལ་རྒྱས་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་འཐབ་ཇུས་བཅས་གཅིག་མཚུངས་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ཏེ། སྔར་ལས་བཟང་བའི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་དགོས་ཟེར།
མཱ་ཧ་ཀྲན་གྱིས་ཐོག་མར་རྒྱ་གར་མི་དམངས་ཁང་གི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། མཱ་ཧ་ཀྲན་གྱིས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དང་། མཛའ་བཤེས་རྒྱུན་འཛིན་བྱས་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ལ། རྒྱ་གར་མི་དམངས་ཁང་དང་རྒྱ་གར་གྱི་གྲོས་མིས་ཀྲུང་གོ་ཕྱོགས་ཀྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10