ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-09-22

ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།
ཟླ་དགུ་བའི་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།
ཟླ་དགུ་བའི་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་དགུ་བའི་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།

རྟོག་ཞིབ་མཛད་སྐབས་ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱི་འགན་འཁུར་བཅུ་ལྷག་དང་མཉམ་དུ་བཞུགས་མོལ་མཛད། ཁོང་གིས་གསུངས་རྒྱུར། ཧྲང་ཧེ་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་སྲིད་གཞུང་རང་སྟེང་གི་གསར་བརྗེ་ཞིག་ཡིན་ལ། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག སྲིད་གཞུང་དང་ཚོང་ར་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། གཉིས། འཕེལ་རྒྱས་དང་སྒོ་འབྱེད་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། གསུམ། དངུལ་ལོར་བཅོས་སྒྱུར་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རང་མོས་ཉོ་ཚོང་ས་ཁུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཧྲང་ཧེ་གྲོང་ཁྱེར་གྱི་འགན་འཁུར་བས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ལིས་ཁི་ཆང་གིས་གསུངས་རྒྱུར། ཧྲང་ཧེ་རང་མོས་ཉོ་ཚོང་ས་ཁུལ་འཛུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་ཞིག་ཡིན། རང་མོས་ཉོ་ཚོང་ས་ཁུལ་གྱི་ཁྱབ་ཁོངས་ལ་ཚད་ཡོད་པ་དང་བཅོས་སྒྱུར་གྱི་སྦས་ཤུགས་ལ་ཚད་མེད། བཅོས་སྒྱུར་གྱི་སྣེ་ཁྲིད་མཁན་བཟང་བོ་བྱེད་པ་དང་སྒོ་འབྱེད་ཀྱི་ཚད་གཞི་གསར་བ་ཆགས་པར་བྱེད་དགོས་ལ། སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་སྲིད་གཞུང་གི་སྲིད་འཛིན་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ཧྲང་ཧེ་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།  ། 

 

  • ལེ་ཚན་སྔོན་མ།:བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོན་ཡོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་རྒྱ་གར་མི་དམངས་ཁང་གི་གྲོས་དཔོན་མཱ་ཧ་ཀྲན་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།