ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2011-08-17
རྟེན་གཞིར་རགས་རྩིས་བྱས་ན་མ་དངུལ་སྒོར་ཁྲི5900གཏོང་རྒྱུ་ཡིན་པ་དང་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པའི་ཀུང་སིས་མ་དངུལ་སྒོར་ཁྲི3294གཏོང་རྒྱུ་ཡིན་པ་དང་ལོ10བསྟུད་མར་ལོ་རེར་སྒོར་ཁྲི100བཏང་ནས་འཁོར་རྒྱུག་བྱེད་པའི་འགྲོ་གྲོན་ཐད་སྤྱོད་རྒྱུ་ཚུད་པ་དང་དེ་བྱིངས་ཀྱི་མ་དངུལ་རྣམས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ལ་ཆེད་དོན་ཁ་གསབ་རེ་ཞུ་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། རྟེན་གཞི་དེ་སྨི་ངོས་གྲུ་ཁྲི1.26ཡོད་པའི་ཐོག་བརྩེགས་ཁང་ཆེན་དང་སྨི་ངོས་གྲུ2080ཡོད་པའི་དངོས་སྦྱོང་འཁོར་ཁང་དང་དབང་པོ་སྐྱོན་ཅན་གྱི་འགོག་རྐྱེན་མེད་པའི་སྒྲིག་ཆས4བསྐྲུན་རྩིས་ཡོད་པ་དང་འབྲེལ་དབང་པོ་སྐྱོན་ཅན་གསོ་སྦྱོང་བྱེད་པའི་ཆེད་སྤྱོད་སྒྲིག་ཆས་དང་ཀུན་སྤྱོད་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀྲུའུ་ཞི་གཞོན་པ་ལིའུ་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞི་དེ2012ལོའི་ཟླ9བར་བེད་སྤྱོད་བྱེད་འགོ་འཛུགས་རྒྱུ་ཡིན་པ་དང་འཛུགས་སྐྲུན་ཟིན་རྗེས་ཉིང་ཞ་ཡི་དབང་པོ་སྐྱོན་ཅན་ཁྲི42.7ལ་ཕན་པ་ཐོབ་རྒྱུ་ཡིན་པས་ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་དབང་པོ་སྐྱོན་ཅན་གྱི་བྱང་ཚད་དང་ལས་ཞུགས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10