ཤིན་ཅང་དུ་སྤྱི་ཚོགས་སྨན་བཅོས་རོགས་སྐྱོབ་ཁྱོན་ཡོངས་སུ་ཁྱབ་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ    2011-08-17

གསར་འགོད་པས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་འདི་ལོའི་ལོ་སྟོད་དུ་ཤིན་ཅང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར2.1བཏང་བས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི(མི་ཐེངས)211.8ལ་ཕན་པ་ཐོབ་པ་རེད། སྨན་བཅོས་རོགས་སྐྱོབ་མ་དངུལ་བཏང་བའི་གྲངས་འབོར་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་པ་ཐོབ་པའི་མི་གྲངས་སྤྱིར་ན་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད་པ་དང་མིག་སྔར་ཤིན་ཅང་དུ་སྨན་བཅོས་རོགས་སྐྱོབ་ཁྱོན་ཡོངས་སུ་ཁྱབ་ཡོད་པ་རེད།

2006ལོ་ནས་བཟུང་ཤིན་ཅང་གིས་རྫོང་དང་གྲོང་ཁྱེར27དུ་གྲོང་ཁྱེར་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཀྱི་ཚོད་ལྟ་སྤེལ་འགོ་ཚུགས་པ་དང2007ལོར་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཤིན་ཅང་ཡོངས་སུ་ཁྱབ་གདལ་བཏང་ཡོད། ལོ་5ལྷག་རིང་རིམ་རྩིས་བརྒྱབ་ན་ཤིན་ཅང་གིས་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར17.8བཏང་ནས་མི་ཁྲི(མི་ཐེངས)1268ལ་སྨན་བཅོས་རོགས་སྐྱོབ་ཐོབ་ཡོད་པ་རེད།

ཤིན་ཅང་དམངས་སྲིད་ཐིང་མ་མཐའི་འཚོ་བ་འགན་ལེན་ཁྲུའུ་ཡི་ཁྲུའུ་ཀྲང་ལུའུ་ཙེ་ཞང་གིས་སྤྱི་ཚོགས་སྨན་བཅོས་རོགས་སྐྱོབ་ནི་འདི་ལོ་ཤིན་ཅང་གིས་ལག་བསྟར་བྱེད་པའི་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་གཙོ་གནད་ལས་གྲྭ་ཁག22ཀྱི་གྲས་ཤིག་ཡིན་ཞིང་།འདི་ལོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་བྱས་པ་ཕུད།ཤིན་ཅང་གིས་ད་དུང་སྨན་བཅོས་རོགས་སྐྱོབ་བྱེད་པའི་མི་ཚོགས་རྒྱ་ཆེ་རུ་བཏང་ནས་ཡོང་འབབ་དམའ་བའི་ནད་གཞི་ཚབས་ཆེན་ཕོག་མཁན་དང་།དབང་པོར་སྐྱོན་ཚབས་ཆེན་ཤོར་མཁན།ཡོང་འབབ་དམའ་བའི་ཁྱིམ་ཚང་གི་རྒན་རྒོན།ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་འགན་ལེན་གྱི་ཁྱབ་ཁོངས་ནང་རིམ་བཞིན་འཇུག་རྒྱུ་ཡིན་པ་རེད།དུས་མཚུངས་ཤིན་ཅང་དམངས་སྲིད་ཐིང་གིས་འདི་ལོ་ད་དུང་ལྗོངས་དེ་ཡོངས་སུ“མཉམ་ལས་སྨན་བཅོས་ལམ་ལུགས(གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་པ)ནང་ཞུགས་པའི་རོགས་དངུལ་དང་།སྒོ་བསྟེན་རོགས་སྐྱོབ།ནད་ཆེན་རོགས་སྐྱོབ།སྐབས་འཕྲལ་རོགས་སྐྱོབ།དགེ་སྒྲུབ་རོགས་སྐྱོབ”བཅས་གཞི་གཅིག་ཏུ་བསྡུས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བྱེད་སྟངས་འཛུགས་རྒྱུ་ཡིན་པ་དང་།སྨན་བཅོས་རོགས་སྐྱོབ་ཀྱི་དམངས་བདེ་དམངས་ཕན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ས་ཁུལ་ཁག་གི་དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་གོ་རིམ་སྟབས་བདེ་རུ་བཏང་བ་དང་སྨན་བཅོས་རོགས་སྐྱོབ་དོ་དམ་ཚད་ལྡན་དུ་འགྱུར་བ་བྱས་ནས་གནས་གཏན་འཁེལ་སྨན་ཁང་གི་དུས་ཐོག་གི་རྩིས་རྒྱག་དང“ས་ཚིགས་གཅིག”རྣམ་པའི་ཞབས་ཞུའི་དོ་དམ་བྱེད་སྟངས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་གནས་གཏན་འཁེལ་དུ་ཐ་མག་འཐེན་མི་ཆོག་པའི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
  • ལེ་ཚན་རྗེས་མ།:ཉིང་ཞ་ཡིས་དབང་པོ་སྐྱོན་ཅན་ཁྲི42.7ལ་ལས་རིགས་སློབ་གསོའི་གསོ་སྦྱོང་རྟེན་གཞི་བསྐྲུན་པ།
  • དོ་སྣང་ཆེ་བའི་རྩོམ།