བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་སྡོད་ཁང་གསར་པ་སྐྲུན་པའི་ཚ་རླབས་འཕྱུར་བ།

    བོད་ལྗོངས་རླུང་འཕྲིན་དྲ་བ།    2011-08-17

 སྤྱི་ལོ2006ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་སྒྱུར་བཅོས་ལས་གཞི་སྟེ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་སྡོད་ཁང་གསར་པ་སྐྲུན་པའི་ཚ་རླབས་འཕྱུར་བ་རེད།

ད་ལོ་ལོ28ཡིན་པའི་གཞོན་པ་བཀྲིས་ཟླ་བས་ཉེ་དུས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་མི14དང་མཉམ་དུ་ལྕགས་རྩིབས་ལས་སྣོན་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་བདེ་སྡོད་ལས་གཞིར་རྒྱུ་ཆ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

སྤྱི་ལོ2007ལོའི་གོང་དུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་བཀྲིས་ཟླ་བའི་ཁྱིམ་ཚང་གིས་འབྲི་གཡག་དང་ལུག་མགོ་གྲངས་འགའ་ཞིག་གསོས་ནས་འཚོ་བ་བསྐྱེལ་གྱི་ཡོད་པ་དང༌། དེང་སྐབས་ཨར་སྐྲུན་རུ་ཁག་གི་རུ་དཔོན་ཡིན་པའི་བཀྲིས་ཟླ་བའི་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི6ནས་ཁྲི7ཟིན་ཡོད་པ་རེད།

ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་ལག་བསྟར་བྱས་པ་དེས་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད་ཁོང་ཚོའི་ཡོང་འབབ་གསོག་པ་དང་ཕྱུག་སྒྱུར་བྱེད་པའི་ལམ་བུ་རྒྱ་ཆེར་ཕྱིན་ནས་ཞིང་འབྲོག་མང་ཚོགས་མང་པོས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བས་ཡུལ་སྐོར་གྱི་ཡོང་འབབ་མང་དུ་ཕྱིན་ཏེ། སྤྱི་ལོ2010ལོར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར4138རེ་ཟིན་ནས་ལོ་བརྒྱད་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

བདེ་སྡོད་ལས་གཞི་ལག་བསྟར་བྱེད་པའི་རྒྱུད་རིམ་ནང་ས་ཁུལ་ཁག་དང་ལྷ་ས་གྲོང་ཁྱེར་གྱིས་ངལ་ནུས་ལྷག་མའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རྡོ་བཤག་རུ་ཁག་དང་སྐྱེལ་འདྲེན་རུ་ཁག ཨར་སྐྲུན་རུ་ཁག ཤིང་བཟོ་རུ་ཁག ཚོན་རྩི་གཏོང་མཁན་སོགས་སྒྲིག་འཛུགས་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས་པ་རེད།

རང་སྐྱོང་ལྗོངས་སྡོམ་རྩིས་ཅུས་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང༌། གསར་འགྱུར་མགྲིན་ཚབ་པ་ཀའོ་ཁུན་གྱིས་སྤྱི་ལོ2010ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་ཚོ27ལྷག་གྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ140ལྷག་ལ་ཁྱབ་པའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་བྱས་པར་དངུལ་སྒོར་དུང་ཕྱུར 170བཏང་ཡོད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྤྱི་ཁྲི་ངོས་སྙོམས་གྲུ་བཞི་མ23.62རེ་ཟིན་ཡོད་པ་རེད། བདེ་སྡོད་ལས་གཞི་འཛུགས་སྐྲུན་བྱས་པ་དེས་མི་རིགས་ཁག་གི་མང་ཚོགས་ཀྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་ནས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་བསྐྱེལ་བཞིན་ཡོད་པ་རེད་ཅེས་ངོ་སྤྲོད་གནང་བ་རེད།  །

  • ལེ་ཚན་སྔོན་མ།:ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི2011 ལོའི་ལོ་ཚོགས་ནང་སོག་གི་ཐུང་ལིའ
  • ལེ་ཚན་རྗེས་མ།:བོད་ལྗོངས་སུ་གནས་གཏན་འཁེལ་དུ་ཐ་མག་འཐེན་མི་ཆོག་པའི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།