ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི2011 ལོའི་ལོ་ཚོགས་ནང་སོག་གི་ཐུང་ལིའོ་གྲོང་ཁྱེར་དུ་འཚོགས།

ཆོས་འཛིན།        2011-08-15

“མཉམ་འབྲེལ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་ཚང་མར་ཕན་ཐོགས་པ་བྱ་རྒྱུའི”བརྗོད་བྱ་གཙོ་བོར་དམིགས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི2011 ལོའི་ལོ་ཚོགས་དེ་ཟླ་བ8པའི་།ཚེས3ནས་ཚེས4ཉིན་བར་ནང་སོག་གི་ཐུང་ལིའོ་གྲོང་ཁྱེར་ལ་འཚོགས་པ་རེད།རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་ཚགས་པར་ཁང་ནས་ཡོང་བའི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ།ཆེད་ལས་མཁས་པ་བཅས་དྲུག་ཅུ་ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
     ལོ་ཚོགས་ཐོག་ཚོགས་བཞུགས་འཐུས་མི་ཚོས་གནས་བབ་གསར་པའི་འོག་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་ཀྱིས་གང་འདྲ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་དང་ཅི་འདྲ་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ནུས་དང་མཚམས་སྦྱོར་བྱེད་ཤུགས་སྔར་ལྷག་གིས་ཆེ་རུ་གཏོང་བ།གསར་འགྱུར་མཚམས་སྦྱོར་གྱི་འཚོ་གནས་ཁོར་ཡུག་ལ་ཉིན་རེ་བཞིན་འགྲན་རྩོད་ཛ་དྲག་ཆེ་བའི་གནས་ཚུལ་ལ་དམིགས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་ཀྱིས་གང་འདྲ་བྱས་ནས་ཚོང་རའི་ནང་འགྲན་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་སྐོར་ཞིབ་འཇུག་དང་གྲོས་སྡུར་ནན་ཏན་བྱས་མཐར།“མཉམ་འབྲེལ་དང་ཉམས་མྱོང་བརྗེ་རེས།ཚང་མར་ཕན་ཐོགས་པ་བཅས་བྱས་ཐོག་མི་རིགས་ཚགས་པར་གྱི་མཚམས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི”ཐུན་མོང་གི་ངོས་འཛིན་ཆགས་པ་རེད།
     ལོ་ཚོགས་ཐོག་ད་དུང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་ཀྱི་ཆེད་རྩོམ་ལ་དཔྱད་སྡུར་བྱས་ནས་ངེད་ཚགས་པར་ཁང་གི་ཆེད་རྩོམ་གསུམ་འདེམས་བསྐོ་བྱས་པ།མཇུག་ཏུ་ཀོང་ཏུང་དང་ཀོང་ཞི།ཀུའེ་ཀྲོའུ།སི་ཁྲོན།ཧུའུ་ནན།ཞིན་ཅང་།ཅི་ལིན།ནང་སོག་སོགས་ཞིང་ཆེན་དང་ལྗོངས་ཀྱི་མོང་དང་གྲོང་ཁྱེར།ཁུལ་བཅས་ཚགས་པར་ཁང་40ལྷག་གི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ།ཆེད་ལས་མཁས་པ་ཅན་གྱིས་གང་བསམ་དེ་བཤད་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚགས་པར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུའི་སྐོར་གྱི་ཇུས་ཆེན་མཉམ་དུ་གྲོས་སྡུར་བྱས་ཏེ་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་ཆགས་ཐོགད་དུང་འདྲ་མཉམ་དང་རང་མོས་ཀྱི་རྩ་དོན་ལྟར།མི་རིགས་ཚགས་པར་ལས་རིགས་ཀྱི་མཚམས་སྦྱོར་གསར་པའི་གནའ་འབྲེལ་བཙུགས་ཏེ་མི་རིགས་ཚགས་པར་ལས་རིགས་ཀྱིས་ལྷག་གིས་མཉམ་འབྲེལ་བྱེད་པར་འབྲེལ་ལམ་གསར་པ་བསྐྲུན་པ་རེད།
     ཚོགས་འདུ་གྲོལ་རྗེས།ཚོགས་བཞུགས་མི་སྣ་ཚོས་ནང་སོག་ཤར་ཕྱོགས་ཀྱི་ཧོར་གླིང་གོ་ལེ་གྲོང་ཁྱེར་གྱི་བཟོ་ལས་ས་ཁུལ་དང་མཐོངས་ཡངས་རྡོ་སྲོལ་གཏེར་ཁ།བྱིས་པར་སྔར་སློབ་ལྟེ་གནས།ཞིང་ལས་དྲོད་ཁང་ར་བ་སོགས་ལ་ལྟ་སྐོར་དང་བཅར་འདྲི་བྱས་པ་རེད།
  • ལེ་ཚན་སྔོན་མ།:མཚོ་བུ་དགའ་བདེ་ལགས་ཉིས་སྟོང་བཅུ་གཅིག་ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲས་བཅུའི་གྲས་སུ་ཚུད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་སྡོད་ཁང་གསར་པ་སྐྲུན་པའི་ཚ་རླབས་འཕྱུར་བ།
  • དོ་སྣང་ཆེ་བའི་རྩོམ།