བོད་ལྗོངས་ཆ་འཕྲིན་ལྟེ་གནས། 2011-08-04
ཟླ7པའི་ཚེས29ཉིན་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་ནས་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་དང་། ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ཅུས། ཉིང་ཁྲི་ས་ཁུལ་གྱི་ཚོང་ལས་ཅུས། ཉིང་ཁྲི་ས་ཁུལ་གྱི་རིག་གནས་བརྒྱུད་སྒྲོག་ཅུས་བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཙོ་སྒྲུབ་གནང་བའི་“ཉིང་ཁྲིའི་མཛེས་ལྗོངས་ལ་ལྟ་བ་དང་། ཁམས་གསོའི་ཟས་མཆོག་ལ་མྱོང་བ”ཞེས་པའི་བོད་ལྗོངས་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་དུས་ཆེན་སྐབས་དང་པོ་དང་བྲག་གསུམ་མཚོ་ཀོང་པོའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་གཟབ་རྒྱས་ངང་འཚོགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་ཀོང་པོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་གནས་དེའི་རབ་མཛེས་མཐིང་མདོག་གི་རི་ཀླུང་དང་སྔོ་ཞིང་དྭངས་པའི་གཙང་པོའི་ཁྲོད་ནས་མི་རིགས་ཀྱི་གླུ་གར་ལ་ལྟ་ཞིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ལ་རོལ་བཞིན་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་གི་བྲོ་བ་མྱོང་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10