བོད་ལྗོངས་ཀྱི་གྲོང་སྡེ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོའི་ནང་བདམས།

མིག་དམར་གྱིས་བསྒྱུར།        2014-09-16

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ9པའི་ཚེས4ཉིན་འབྱོར་བའི་གཏམ་གསར།གསར་འགོད་པ་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་དོན།བོད་ལྗོངས་ཀྱི་སྲོལ་རྒྱུན་གྲོང་སྡེ་གཉིས་ཏེ་ཀོང་པོ་འཇོ་མདའ་རྫོང་མཚོ་མགོ་གྲོང་སྡེ་དང་སྐྱིད་གྲོང་རྫོང་སྤང་ཞིང་གྲོང་སྡེ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོའི་ནང་བདམས་པར་བརྟེན།ཀྲུང་གོ་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་ཏེ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད།བོད་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲུའུའི་ཁྲུའུ་ཀྲང་ལི་ཞིན་ཁྲང་གིས་བཤད་དོན།མཚོ་མགོ་གྲོང་སྡེ་དང་སྤང་ཞིང་གྲོང་སྡེ་གཉིས་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་རྗེས་གྲོང་སྡེ་དེ་གཉིས་ཀྱི་སྲུང་སྐྱོང་དང་འཕེལ་རྒྱས་ལ་རོགས་རམ་ཐོབ་རྒྱུ་རེད།དེ་ལ་མཐུད་ནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བྱ་རྒྱུ་ཡིན་པ་དང་སྲུང་སྐྱོང་དོ་དམ་གྱི་ནང་རྐྱེན་བསྐྲུན་རྒྱུ་ཡིན།སྲུང་སྐྱོང་འཆར་འགོད་ཀྱི་འཛུགས་སྐྲུན་ལ་ཁྲིམས་འགལ་གྱི་བྱ་སྤྱོད་གཏན་ནས་བྱུང་མི་ཆོགགྲོང་སྡེ་དེ་གཉིས་དུས་ཡུན་རིང་པོར་མུ་མཐུད་ནས་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།མཚོ་མགོ་གྲོང་སྡེ་ནི་བྲག་གསུམ་མཚོ་ཡི་འགྲམ་དུ་ཆགས་ཡོད།དེ་ནི་ཉིང་ཁྲི་ས་ཁུལ་དུ་ཉར་ཚགས་ཆེས་ཆ་ཚང་བྱས་པའི་གནའ་གྲོང་གི་ཡ་གྱལ་ཞིག་ཡིན་ལ།ཀོང་པོའི་སྲོལ་རྒྱུན་གྱི་ཉམས་འགྱུར་འབུར་དུ་ཐོན་བ་ཞིག་ཀྱང་ཡིན་པ་རེད།སྤང་ཞིང་གྲོང་སྡེ་ནི་མཐའ་མཚམས་སུ་གནས་པའི་སྐྱིད་གྲོང་གྲོང་རྡལ་དང་ཐག་ཉེ་ཞིང་།སྡོད་ཁང་ཕལ་ཆེར་ཤིང་རྡོ་ལས་གྲུབ་པ་ཡིན་པས་དཔེ་མཚོན་ཅན་གྱི་བོད་པའི་ནགས་ཁུལ་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་ཡོད་པ་རེད།གྲོང་སྡེ་འདི་གཉིས་ཀྱི་འཛུགས་སྐྲུན་བྱེད་སྟངས་སོགས་ཀྱི་ཐད་ལ་མཚོན་བྱེད་རང་བཞིན་ངེས་ཅན་ཞིག་ཡོད་པ་རེད།
  • ལེ་ཚན་སྔོན་མ།: རང་ཁུལ་གྱིས་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་པར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་བྱས།
  • ལེ་ཚན་རྗེས་མ།:མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དེ“ཀྲུང་གོའི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་ཆེན་མོ་བཅུའི”གྲས་སུ་བདམས་པ།
  • དོ་སྣང་ཆེ་བའི་རྩོམ།