ཀྲུང་གོ་བོད་ཀྱི་དྲ་བ། 2014-09-17
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། “སྐྱེ་ཁམས་དཔལ་ཡོན་དང་གནས་སྐོར་རྒྱུན་མཐུད་འཕེལ་རྒྱས”ཀྱི་བརྗོད་དོན་གླེང་སྟེགས་སྟེང་། “འཛམ་གླིང་གི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ཆེན་མོ་བཅུ”དང“ཀྲུང་གོའི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་ཆེན་མོ་བཅུ”དཔྱད་འདེམས་བྱས་པ་དང་། དེའི་ནང་མཚོ་སྔོན་གྱི་མཚོ་སྔོན་པོས་དྭངས་གཙང་དང་ཁྱད་དུ་འཕགས་པ། ཡིད་དབང་འཕྲོག་པའི་རང་བྱུང་ཡུལ་ལྗོངས་བཅས་ལ་བརྟེན་ནས་རྒྱལ་ནང་གི་སྙན་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་དགུ་དང་མཉམ་དུ“ཀྲུང་གོའི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ་ཆེན་མོ་བཅུ”ཡི་མཚན་སྙན་ཐོབ།
མཚོ་སྔོན་པོ་ལས་གཞན། ཐེངས་འདིའི་མཚན་སྙན་ཐོབ་པའི་མཛེས་ལྗོངས་ཁུལ་ལ་སི་ཁྲོན་གཟི་ཚྭ་སྡེ་དགུ་དང་ཅི་ལིན་ཁྲང་པེ་ཧྲན། ཀྲེ་ཅང་ཆན་ཏའོ་ཧུའུ། ཧྥུ་ཅན་ཝུའུ་དབྱི་ཧྲན། བོད་ལྗོངས་གནམ་མཚོ། ཡུན་ནན་སེམས་ཀྱི་ཉི་ཟླའི་ཕུའུ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་། ཀོས་ཀྲོའུ་ཧྥན་ཅིན་ཧྲན། ཧུའུ་པེ་ཧྲིན་ནུང་ཅ་བཅས་ཡོད། མཛེས་ལྗོངས་ཁུལ་ཆེན་མོ་འདི་བཅུ་ཡིས་རྒྱལ་ནང་གི་ཆེས་མིང་གྲགས་ཆེ་བའི་རང་བྱུང་མཛེས་ལྗོངས་ཁུལ་མངོན་པར་མཚོན་ཤིང་། ལྷག་པར་དུ་དེ་དག་ནི་དྲ་གྲོགས་དང་གནས་སྐོར་བའི་སེམས་ཁོང་གི་ཆེས་དྭགས་གཙང་དང་ཆེས་གདོད་མའི་གནས་སྐོར་བྱེད་ཡུལ་དུ་གྱུར་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10