རང་ཁུལ་གྱིས་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་པར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་བྱས།

    ལྷ་འཛོམས་ཀྱིས་བསྒྱུར།    2014-09-15

ཉེ་ཆར།ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་།རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་གཙོ་གཉེར་བྱས་པ་དང་།ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན།ཀྲུང་གུང་དཀར་མཛེས་རྫོང་ཨུ།དཀར་མཛེས་རྫོང་སྲིད་གཞུང་བཅས་ཀྱི་སྒྲུབ་འགན་ཁུར་བའི་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་པར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་བྱེད་སྒོ་དེ་དཀར་མཛེས་རྫོང་དུ་སྤེལ་བ་རེད།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཕིང་སེན་དང་རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཏིང་ཡན་ཧྲེང་སོགས་འཚམས་འདྲི་ཞུ་བའི་འཁྲབ་སྟོན་བྱེད་ཡུལ་དུ་ཞུགས་ཡོད།
    ཀྲང་ཕིང་སེན་གྱིས་རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཝང་ཧྲུའུ་ཞང་དང་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་།ཁུལ་དཔོན་ཡེ་ཤེས་ཟླ་བ་རྣམ་གསུམ་གྱིས་བཀའ་མངགས་ལྟར་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་པར་འཚམས་འདྲི་ཞུས་པ་དང་།དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་གློག་དྲྭ་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར།རོགས་རམ་བཅས་བྱེད་མཁན་གྱི་དབུ་ཁྲིད་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་མ་ཚད།ད་དུང་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལས་གྲྭའི་ཨར་ལས་རྒྱག་མཁན་དཔུང་སྡེ་ལ་འཚམས་འདྲི་ཞུ་དངུལ་ཕུལ་བ་རེད།ཉིན་དེའི་སྔ་དྲོའི་ཆུ་ཚོད10པར་འཁྲབ་སྟོན་པ་ཚོས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ལྟ་ན་སྡུག་པའི་བྲོ་གར་འཁྲབ་སྐབས་བཟོ་སྐྲུན་པ་ཚོས་དགའ་བསུ་ཆེན་པོ་བྱས་པ་རེད།
  • ལེ་ཚན་སྔོན་མ།: ཁུལ་རིམ་པའི་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་སྐོར་གྱི་གཏམ་བཤད་འགྲན་བསྡུར་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་གྲོང་སྡེ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོའི་ནང་བདམས།
  • དོ་སྣང་ཆེ་བའི་རྩོམ།