ཁུལ་རིམ་པའི་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་སྐོར་གྱི་གཏམ་བཤད་འགྲན་བསྡུར་བྱས།

ཀུན་དགའ།        2014-09-15

ཁུལ་རིམ་པའི་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་སྐོར་གྱི་གཏམ་བཤད་འགྲན་བསྡུར་བྱས།

བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ110འཁོར་བར་དྲན་གསོ་དང་ཁུལ་རིམ་པའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོའི་ཁྲོད་ཀྱི་སེམས་འགུལ་ཐེབས་པའི་བྱས་རྗེས་གཅིག་བསྡུས་ཀྱིས་སྟོན་པའི་ཆེད་དུ།ཟླ་བ9པའི་ཚེས11ཉིན།ངའི་ཕུགས་འདུན་འགྲུབ་ཅེས་པ་ཡིས་བརྗོད་བྱ་གཙོ་བོ་བྱས་པའི་ཁུལ་རིམ་པའི་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་སྐོར་གྱི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།
    བྱེད་སྒོ་འདི་ནི་ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་།ཁུལ་སྦྲགས་སྲིད་ཅུས་དང་དཀར་མཛེས་ཚགས་པར་ཁང་།དཀར་མཛེས་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད།
    གཏམ་བཤད་འགྲན་བསྡུར་ཐོག་ཏུ་ཁུལ་སྲིད་གཞུང་དང་གུང་གཞོན་ཚོགས་པའི་ཁུལ་ཨུ།མི་ནུས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།ཁུལ་སྤྱི་བདེ་ལས་ཁུངས།ཁུལ་གནམ་གཤིས་ཅུས་སོགས་ཀྱི་ལས་ཁུངས་ཁག་ནས་བདམས་ཐོན་བྱས་པའི་གཏམ་བཤད་བ18ཀྱིས་རང་རང་གི་ལས་གནས་དང་ཕུགས་འདུན་སྐོར་དམིགས་ནས་ཛ་དྲག་ཆེ་བའི་ངང་ནས་གཏམ་བཤད་འགྲན་བསྡུར་བྱས་མཐར་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་གཏམ་བཤད་པ་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་།ཁུལ་སྲིད་གཞུང་དང་གུང་གཞོན་ཚོགས་པའི་ཁུལ་ཨུའི་གཏམ་བཤད་པ་ལ་ཨང་གཉིས་པའི་བྱ་དགའ་ཐོབ།ཁུལ་ས་གནས་དཔྱ་ཁྲལ་ཅུས་དང་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས།ཁུལ་མི་ནུས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ།ཁུལ་ས་གནས་དཔྱ་ཁྲལ་ཅུས་དང་གནམ་གཤིས་ཅུས།ཁུལ་གཞུང་ལམ་ཅུས།ཁུལ་སྤུས་ཀ་ལྟ་ཞིབ་ཅུས་བཅས་ལ་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་མོ་འབྲུག་པ་མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཏེ་དགེ་རྒན་རྣམས་དང་བགྲོ་གླེང་མཛད།
  • ལེ་ཚན་རྗེས་མ།: རང་ཁུལ་གྱིས་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་པར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།