རྒྱལ་མོ་འབྲུག་པ་མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཏེ་དགེ་རྒན་རྣམས་དང་བགྲོ་གླེང་མཛད།

    མཚོ་སྔོན་པོ་དྲ་བ།    2014-09-15

རྒྱལ་མོ་འབྲུག་པ་མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཏེ་དགེ་རྒན་རྣམས་དང་བགྲོ་གླེང་མཛད།
རྒྱལ་མོ་འབྲུག་པ་མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་རྣམས་དང་བགྲོ་གླེང་མཛད་པ།

     ཟླ9བའི་ཚེས7ཉིན། བོད་ཀྱི་ལོ་རྒྱུས་སྨྲ་བ་ཆེན་མོ་རྒྱལ་མོ་འབྲུག་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཤིང་། བོད་ཀྱི་ལོ་རྒྱུས་བསྐོར་གྱི་གསུང་བཤད་གལ་ཆེན་གནང་བར་མ་ཟད།མང་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་རྣམས་དང་ལྷན་ཅིག་བོད་ཀྱི་ལོ་རྒྱུས་སྐོར་གྱི་དོགས་གཞི་དང་། བོད་ཀྱི་ལོ་རྒྱུས་སློབ་དེབ་སྒྲིག་སྟངས།བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བྱེད་སྟངས།དེང་རབས་བོད་ཀྱི་སློབ་གྲྭའི་སློབ་གསོ་ལ་སོགས་པའི་སྐོར་ལ་བསམ་བློ་བརྗེ་རེས་བྱས།
    རྒྱལ་མོ་འབྲུག་པ་ལགས་ནི།སྤྱི་ལོ1957ལོའི་ཟླ5པའི་ཚེས1ཉིན་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྔོག་རྒྱལ་མོ་དགོན་ཞང་དུ་སྐུ་འཁྲུངས་ཤིང་ཞིབ་འཇུག་སློབ་མའི་ཡོན་གནས་པ་ཡིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་མུས་ཡོད།ཞུས་ཆེན་པའི་ལས་གནས་དང་དཔེ་སྐྲུན་ཁང་གི་འགན་འཛིན་པ་བཅས་ཀྱི་འགན་བཞེས་ཁར།ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་སྐུ་གཞོན་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་ཁྲིད་སྟོན་པ་དང་།ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཀྱི་འགན་གཅིག་ལྕོག་ཏུ་བཞེས་བཞིན་ཡོད།

རྒྱལ་མོ་འབྲུག་པ་མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཏེ་དགེ་རྒན་རྣམས་དང་བགྲོ་གླེང་མཛད།
མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་རྒྱལ་མོ་འབྲུག་པ་དང་ལྷན་དུ་པར་བླངས།

    ཁོང་གིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པའི་དཔེ་དེབ་དེ་ནི་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས1995ལོའི་ཟླ10པར་དཔར་དུ་བསྐྲུན་པ་ཡིན་ལ། དེབ་འདི་ལ1996ལོར་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་ཁང་གི་གྲུབ་འབྲས་ཕུལ་བྱུང་གི་བྱ་དགའ་དང་།1997ལོར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་བོད་ཡིག་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཨང་གསུམ་པ་འཐོབ་པ་རེད། དེབ་འདི་དཔེ་བསྐྲུན་བྱས་རྗེས་རྒྱ་ཆེའི་ཀློག་པ་པོས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད།སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་ལ་སོགས་པའི་མི་རིགས་སློབ་གླིང་གི་ལོ་རྒྱུས་ཀྱི་སློབ་དེབ་དང་ཞིབ་འཇུག་སློབ་མའི་རྒྱུགས་ལེན་གྱི་དཔྱད་གཞིའི་དཔེ་དེབ་དུ་སྤྱད་ཡོད། དཔེ་དེབ་འདི2006ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ལས་བོད་ཡིག་དཔེ་དེབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།

 

  • ལེ་ཚན་སྔོན་མ།:མངའ་རིས་ཀྱིས་སྐྲུན་བཞིན་པའི་ལས་གྲྭའི་བདེ་འཇགས་ལ་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།: ཁུལ་རིམ་པའི་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་སྐོར་གྱི་གཏམ་བཤད་འགྲན་བསྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།